རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

ཕྱི་ཟླ་༡༡ ཚེས་༡༡ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་པ་ཚེ་རིང་རྒྱལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་བསད་དེ་ཁོང་རྫོང་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབས་བྱེད་བཞིན་ཡོད་འདུག་ལ། སྨན་ཁང་ཡོངས་དམག་གིས་སྐོར་ནས་ མི་མང་འགྲོ་འདུག་བཀག་འགོག་བྱས་ཡོད་འདུག

དེ་ཡང་དྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་གྱིས་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོས་བོད་ནང་གི་དུས་ཚོད་ ༥ པ་ཡས་མས་སུ་པདྨ་རྫོང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག
tsering_gyal_on_fireགནས་ཚུལ་བྱུང་ཡུལ་དངོས་ན་ཡོད་མཁན་གྱི་མི་སྣས་འབྲེལ་བརྗོད་བྱས་དོན་ལྟར་ན། ཁོང་གིས་རང་ལུས་མེར་སྲེག་སྐབས་ཉེན་རྟོག་པ་དང་། དམག་མི་འབྱོར་ཏེ་མེ་བསད་པ་དང་། སྐབས་དེར་སྐུ་གྲོངས་མི་འདུག་ཟེར། ད་སྐབས་ཁོང་རྫོང་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག་ལ། སྨན་ཁང་ཡོངས་དམག་གིས་སྐོར་ནས་སྨན་ཁང་དུ་མི་མང་འགྲོ་འདུག་བཀག་འགོག་བྱས་ཡོད་འདུག
དེས་རྗེས་སུ་གནས་ཚུལ་འབྱོར་གསལ་ལྟར་ན། ཇོ་ནང་ཨ་སྐྱོན་དགོན་གྱི་གྲྭ་པ་དང་། ལྷ་སྡེ་སོགས་མི་མང་རྒྱ་ཕྲག་ལྷག་དགོན་པར་འདུ་འཛོམས་བྱས་ཏེ། ཁོང་རྒྱ་དམར་ལག་ནས་ལེན་པར་རྫོང་ཐོག་གི་སྨན་ཁང་ནང་ལ་འགྲོ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་འདུག་ལ། ད་སྐབས་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཚེ་རིང་རྒྱལ་ནི་ད་ལོར་རང་ལོ་༢༡ ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་། མའི་མིང་ལ་རིན་སྒྲོན་ཟེར་གྱི་ཡོད་འདུག ཁོང་ལ་སྤུན་མཆེད་གྲྭ་བདེ་ལེགས་དང་། ཆོས་དབྱིངས། མི་སྐྱ་སངས་བཟང་། ཨ་ནེ་ཁང་སྐྱིད། གང་མ། མཚོ་མོ། ཚེ་སྐྱིད་བཅས་སྤུན་མཆེད་བརྒྱད་ཡོད་ལས་ཁོང་ཆུང་ཤོས་ཡིན་འདུག  བང་ཆེན་དྲ་བ་ནས།