
ཟླ་ སྔོན་ མའི་ ཕྱི་ ཚེས་ ༢༤ ཉིན་ གྱི་ སྔ་ དྲོར། ལྡི་ ལིར་ གནས་ སྡོད་ བོད་ དོན་ འཐབ་ རྩོད་ པ་ ཤེས་ རབ་ ཚེ་ རྡོར་ ལགས་ ཀྱིས། སུད་ སིའི་ གྲོང་ ཁྱེར་ ཇེ་ ནི་ ཝའི་ ནང་ མཉམ་
འདི་ གའི་ གསར་ འགོད་ པས་ ཁ་ པར་ བརྒྱུད་ ཁོང་ གི་ སྐུ་ གཟུགས་ གནས་ སྟངས་ དང་ ། ལས་ འགུལ་ མཚམས་ འཇོག་ གནང་ འཆར་ ཡོད་ མེད་ དྲིས་ པར་ ཁོང་ གིས། “ད་ ལྟའི་ ཆར་ གོམ་ པ་ བརྒྱབ་ ནས་ འགྲོ་ ཐུབ་ ཀྱི་ འདུག ཡིན་ ནའང་ ། ལམ་ སང་ ཐང་ ཆད་ པ་ དེ་ འདྲ་ ཡོང་ གི་ འདུག གང་ ལྟར་ ང་ རང་ བོད་ མི་ ཞིག་ ཡིན་ པའི་ ཆ་ ནས་ མཉམ་ འབྲེལ་ རྒྱལ་ ཚོགས་ ལ་ བཏོན་ པའི་ རེ་ སྐུལ་ དེ་ ཚོ་ མ་ འགྲུབ་ བར་ ཟས་ བཅད་ ངོ་ རྒོལ་ ལ་ འདུག་ རྒྱུ་ ཡིན། ང་ རང་ གི་ ངོས་ ནས་ གཟུགས་ པོའི་ གནས་ སྟངས་ ཛ་ དྲག་ ཆགས་ མིན་ ལ་ བསམ་ བློ་ གཏོང་ གི་ མེད། གཙོ་ བོ་ ང་ རང་ ཚོའི་ དོན་ དག་ དེ་ འགྲུབ་ དགོས་ པ་ རེད། གཞིས་ ལུས་ བོད་ མི་ ཚོས་ རྒྱ་ གཞུང་ གི་ དྲག་ གནོན་ འོག་ ལུས་ སྲོག་ བློས་ གཏོང་ བཞིན་ ཡོད་ པ་ རེད། ང་ ཚོ་ བཙན་ བྱོལ་ ལུང་ པར་ སྡོད་ མཁན་ ཚོས་ འདི་ ཙམ་ ཞིག་ བྱེད་ མ་ ཐུབ་ ན་ རྣམ་ རྟོག་ རེད། ”ཅེས་ བརྗོད་ བྱུང་ །
ད་ ལྟའི་ བར་ རྒྱ་ གར་ བདེ་ སྲུང་ ལས་ ཁུངས་ དང་ བོད་ མིའི་ སྒྲིག་ འཛུགས་ སོགས་ ནས་ ལས་ འགུལ་ མཚམས་ འཇོག་ དགོས་ པའི་ རེ་ སྐུལ་ གནང་ ཡོད་ མེད་ དྲིས་ པར། “ཟས་ བཅད་ ངོ་ རྒོལ་ གྱི་ ཉིན་ གཉིས་ པ་ དེར་ རྒྱ་ གར་ ཉེན་ རྟོག་ པས་ ལས་ འགུལ་ མཚམས་ འཇོག་ དགོས་ པའི་ བཀའ་ རྒྱ་ བཏང་ བ་ མ་ གཏོགས་ ཕྱིས་ སུ་ བཀག་ འགོག་ གང་ ཡང་ བྱུང་ མ་ སོང་ ། དེ་ བཞིན་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ གཞུང་ འབྲེལ་ མི་ སྣ་ དང་ ཚོགས་ པ་ ཁག་ ནས་ ཀྱང་ མཚམས་ འཇོག་ དགོས་ པའི་ འབོད་ སྐུལ་ གནང་ མ་ སོང་ ། ཡིན་ ནའང་ ། ང་ རང་ གི་ གཉེན་ ཉེ་ དང་ གྲོགས་ པོ་ གྲོགས་ མོ་ ཚོས་ ཁ་ སང་ ནས་ ལས་ འགུལ་ མཚམས་ འཇོག་ གནང་ རོགས་ ཞེས་ འབོད་ སྐུལ་ གནང་ སོང་ ཡང་ །ང་ རང་ གིས་ ཐག་ བཅད་ ཚར་ བ་ ཞིག་ ལག་ ལེན་ བསྟར་ ཐུབ་ པ་ བྱེད་ རྒྱུ་ ཡིན་ པས་ མཚམས་ འཇོག་ རྩ་ བ་ ནས་ བྱེད་ རྒྱུ་ མིན་ ཞེས་ ཞུས་ ཚར་ བ་ ཡིན། ”ཞེས་ བརྗོད་ སོང་ །
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།