རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་དབུས་གཞུང་གིས་ས་གནས་སུ་སྐོར་ཞིབ།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིང་ཆེན་དྲུག་དང་སྡེ་ཁག་བཞི་ལ་སྐོར་ཞིབ་ཚོགས་ཆུང་ཆེད་མངགས་བྱས་ཏེ། ས་གནས་སྲིད་གཞུང་དང་ཚན་པ་ཁག་གི་རུལ་སུངས་ལ་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་ཅིང་། གནད་དོན་དབྱེ་ཞིབ་པས་དེ་ནི་གདམ་ཁ་རང་བཞིན་ཅན་གྱི་རུལ་སུངས་ལ་ངོ་རྒོལ་དང་རྣམ་པ་ཙམ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡༡ པའི་ཚེས་༣ བར། སྐོར་གཉིས་པའི་ཚོགས་ཆུང་༡༠ པོ་རང་རང་གི་ས་གནས་སུ་འབྱོར་ཡོད་པ་དང་། སྐོར་གཉིས་པའི་སྐོར་ཞིབ་བྱ་ཡུལ་གྱི་ནང་དུ་ཧྲན་ཞི། ཅེ་ལི། ཨན་ཝི། ཧུ་ནན། ཀྭང་ཏོང་། ཡུའུ་ནན་བཅས་ཞིང་ཆེན་དྲུག་དང་། ཤིན་ཧྭ་གསར་ལས་ཁང་། ས་ཞིང་ཐོན་ཁུངས་ལྷན་ཁང་། ཚོང་ལས་ལྷན་ཁང་བཅས་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་སྡེ་ཚན་གསུམ་དང་། འབྲུ་ཆུའི་འགག་གསུམ་རུ་ཁག་བཅས་ཡིན་པ་རེད།
ཐེངས་འདིའི་སྐོར་ཞིབ་ཀྱི་ལས་དོན་གཙོ་བོ་ནི་གཞུང་གི་འགོ་ཁྲིད་ཀྱིས་དངུལ་དང་དབང་ཆ་བརྗེ་རེས། གོ་གནས་ཉོ་ཚོང་བྱས་པ་བཅས་ཕྱོགས་བཞིའི་གནད་དོན་གཙོ་བོར་བཟུང་ཡོད་འདུག དེའི་སྔོན་གྱི་ཕྱི་ཟླ་༩ པའི་ཚེས་༢༣ ཉིན། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ། དབུས་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཝང་ཆི་ཧྲན་གྱིས་དབུས་སྐོར་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་། ཐོལ་བརྒལ་གྱིས་གནད་དོན་གསར་བརྟོལ་བྱེད་པ་དང་འཇིགས་སྣང་སྐུལ་བའི་ནུས་པ་ཤུགས་ཆེར་བཏང་སྟེ། གནད་དོན་ཡོད་པའི་མི་དང་ལྐོག་ཟ་རུལ་སུངས་པར་རྐང་པ་འཛུགས་ས་མེད་པར་བཟོ་དགོས་ཞེས་དང་། རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྤྱི་ཁྱབ་དྲུང་ཆེ་ཞི་ཅི་ཕིན་གྱི་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་དགོས་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་(དམར་ཤོག) སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དམ་པོར་བཟུང་སྟེ། ད་ལོའི་སྐོར་གཉིས་པའི་སྐོར་ཞིབ་ལས་དོན་བཟང་བོར་བསྒྲུབ་དགོས་ཞེས་བརྗོད་ཡོད་པ་རེད།
ཕྱི་ཟླ་༡༡ པའི་ཚེས་༤ ཉིན་རྒྱ་རིགས་རྩོམ་པ་པོ་ཙེ་ཨེ་ཙུང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། “ངས་དེ་ནི་ཁྲིམས་ལུགས་ཤིག་ལ་ངོས་འཛིན་བྱེད་ཀྱི་མེད། བྱ་སྤྱོད་དེ་དག་ཡོངས་རྫོགས་དབུས་གཞུང་གི་དགོས་མཁོ་ལ་དམིགས་པའི། གདམ་ཁ་རང་བཞིན་ཅན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཞིག་རེད། རུལ་སུངས་ལ་ངོ་རྒོལ་བྱེད་བསམ་ན། རྒྱ་ནག་གི་དཔོན་པོ་གང་ཡང་རུང་བ་ཞིག་འཇུ་བཟུང་བྱེད་ཆོག་པ་རེད། རྒྱུ་མཚན་ནི་ད་ལྟའི་རྒྱ་ནག་གི་དཔོན་རིགས་ནང་དུ་རྩ་བའི་ཆ་ནས་ཚང་མ་ལྐོག་ཟ་བྱེད་མཁན་རེད་ཅེས་བརྗོད་འདུག །   བང་ཆེན་དྲ་བ་ནས།