རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གྷུ་གྷལ་བཟོ་ཚོང་ཁང་གི་ཚོགས་གཙོས་རྒྱ་ནག་ལ་སྐྱོན་བརྗོད།

གྷུ་གྷལ་google བཟོ་ཚོང་ཁང་གི་ཚོགས་གཙོ་ཤྭི་མེ་ཊི་ཡིས་རྒྱ་ནག་གིས་དྲ་རྒྱའི་སྨྲ་བརྗོད་རང་དབང་ཕྱེ་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གིས་དྲ་རྒྱར་དོ་དམ་དང་སྟངས་འཛིན་ནན་མོ་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་རེད།
ཤྭི་མེ་ཊི་ལ་ཧོང་ཀོང་དུ་ <<ལྷོ་རྒྱ་ནག་ཞོགས་ཚགས་>> ཀྱིས་བཅར་འདྲི་བྱས་
སྐབས་བརྗོད་དོན། རྒྱ་ནག་སྲིད་གཞུང་གིས་སྨྲ་བརྗོད་རང་དབང་སྤྲད་པ་ཡིན་ན། རྒྱ་ནག་སྐམ་ས་དེ་“འབྲིང་རིམ་ཡོང་འབབ་རྒྱལ་ཁབ་ཀྱི་དཀའ་ངལ་”ལས་ཐར་ཐུབ་པར་ཕན་ཐོགས་ཡོད་པ་རེད་ཅེས་དང་། ཁོང་གིས་རྒྱ་ནག་ཏུ་ལག་བསྟར་བྱས་མ་ཐག་པའི་དྲ་རྒྱ་སྟངས་འཛིན་གྱི་ཁྲིམས་ལུགས་གསར་པར་སྐྱོན་བརྗོད་བྱས་ཡོད་པ་རེད།
དྲ་ལམ་སྟངས་འཛིན་གྱི་ཁྲིམས་ལུགས་གསར་པ་དེར་གཞིགས་ན། ཁུངས་བདེན་མིན་པའི་གནས་ཚུལ་དྲ་ཐོག་ཏུ་བརྒྱུད་བཀོད་ཐེངས་༥༠༠ དང་། ཡང་ན་མི་གྲངས་༥༠༠༠ ཡན་ཆད་ཀྱིས་བཀླགས་ཡོད་ན། དྲ་ལམ་སྤྱད་དེ་དཀྲོག་གཏམ་སྤེལ་བ་དང་མི་གཞན་ལ་སྐུར་འདེབས་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ངོས་འཛིན་བྱས་ཏེ། ཁྲིམས་ལུགས་ཀྱིས་བརྡར་ཤ་གཅོད་རྒྱུ་ཡིན་པ་རེད།
ཤྭི་མེ་ཊི་ཡིས་“གལ་སྲིད་རྒྱ་ནག་ལ་འབྲིང་རིམ་ཡོང་འབབ་རྒྱལ་ཁབ་ཀྱི་དཀའ་ངལ་ལས་ཐར་བའི་འདོད་པ་ཡོད་ན། ངེས་པར་དུ་གནས་ཚུལ་ཕྱི་གསལ་ནང་གསལ་དང་། མི་དམངས་ཀྱི་སྨྲ་བརྗོད་རང་དབང་ཚོད་འཛིན་མེད་པར་བཟོ་དགོས་པ་རེད་ཅེས་དང་། ཁོང་གིས་བརྗོད་དོན། རྒྱ་ནག་གི་དཔལ་འབྱོར་མུ་མཐུད་དུ་སྲ་བརྟན་ངང་འཕེལ་རྒྱས་འགྲོ་དགོས་ན། གནད་དོན་ཆེན་པོ་གསུམ་ལ་ཁ་གཏད་གཅོག་དགོས་པ་དང་། གནད་དོན་དང་པོ་ནི་རྒྱ་ནག་གི་སྐྱེ་སྒོ་འགག་པའི་སྲིད་ཇུས་རེད། སྲིད་ཇུས་དེ་ལ་བརྟེན་ནས་རྒྱ་ནག་གི་མི་འབོར་ལོ་ན་མཐོ་བོ་ཅན་དུ་འགྱུར་བ་དང་། གཞན་གཉིས་དེ་གོ་ལ་གཅིག་གྱུར་ཅན་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱ་ཁབ་ཁ་ཤས་མ་འོངས་པའི་ལོ་༡༠ དང་༢༠ ཡི་ནང་འཛམ་གླིང་གི་བཟོ་གྲྭ་ཆགས་རྒྱུའི་གནད་དོན་སོགས་ཡིན་སྐོར་བརྗོད་འདུག
གྷུ་གྷལ་བཟོ་ཚོང་ཁང་གིས་ཕྱི་ལོ་༢༠༡༡ ལོར་རྒྱ་ནག་སྐམ་ས་ནས་རྒྱ་ཡིག་གི་གྷུ་གྷལ་www.google.com དྲ་ལམ་འཚོིལ་བཤེར་ཞབས་ཞུའི་འཕྲུལ་འཁོར་མ་ལག་ཕྱིར་འཐེན་བྱས་ཏེ། ཧོང་ཀོང་དུ་གནས་སྤོས་བྱས་ཡོད་པ་དང་། རྒྱ་ནག་གིས་དེའི་ཚབ་ཏུ་པེ་ཏུ་www.baidu.com ཞེས་པའི་དྲ་ལམ་འཚོལ་བཤེར་སྒེའུ་ཁུང་ཞིག་བཟོ་བསྐྲུན་གྱིས་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། ། བང་ཆེན་དྲ་བ་ནས།