
རྒྱ་ གཞུང་ གི་ ཉེན་ རྟོག་ པ་ དང་ དམག་ མིས་ རེས་ གཟའ་ ཉི་ མའི་ མཚན་ མོ་ དང་ ཟླ་ བའི་ ཉིན་ མོར་ གཉིས་ ལ། ཁམས་ ནགས་ ཤོད་ འབྲི་ རུ་ རྫོང་ གཤམ་ ཆུ་ ཞང་ སྟེང་ མཁར་ གྲོང་ གི་ མི་ ༡༥ འཛིན་ བཟུང་ བྱས་ ཡོད་ འདུག དེ་ དག་ ནི་ རང་ ལོ་ ༤༩ ཡིན་ པའི་ གསར་ སྐྱིད་ དང་ ། རང་ ལོ ༤༧ ཡིན་ པའི་ མཚོ་ ཕན། རང་ ལོ་ ༢༥ ཡིན་ པའི་ གཡང་ སྐྱིད་ བཅས་ བུད་ མེད་ ༣ དང་ ། རང་ ལོ་ ༢༢ ཡིན་ པའི་ ཚེ་ རིང་ དང་ རང་ ལོ་ ༢༡ ཡིན་ པའི་ ཚེ་ རིང་ ཕུན་ ཚོགས། རང་ ལོ་ ༢༡ ཡིན་

བདུན་ ཕྲག་ སྔོན་ མའི་ གཟའ་ ཉི་ མར། རྫོང་ དང་ ཞང་ བཅས་ ནས་ ལས་ བྱེད་ མང་ པོ་ སྟེང་ མཁར་ གྲོང་ དུ་ འབྱོར་ ཏེ། མང་ ཚོགས་ བསྡུ་ སྐོང་ གིས་ རྒྱལ་ གཅེས་ བསམ་ བློའི་ སློབ་ གསོ་ སྤེལ་ ཡོད་ པ་ དང་ ། ཉིན་ དེའི་ དགོང་ མོར་ སྟེང་ མཁར་ གྲོང་ གི་ བུད་ མེད་ མཚོ་ ཕན་ དང་ གསར་ སྐྱིད། གཡང་ སྐྱིད་ བཅས་ ‘གྲོང་ ཚོར་ བཅའ་ སྡོད་ ལས་ དོན་ རུ་
ཁག’ ལས་ བྱེད་ ཞི་ བདེ་ སོགས་ ཀྱི་ སྡོད་ གནས་ སུ་ བསྐྱོད་ དེ། རྩོམ་ པ་ པོ་ ཞོགས་ དྲིལ་ དང་ ཁོང་ གི་ གྲོགས་ པོ་ གཡུལ་ རྒྱལ་ གཉིས་ རྒྱལ་ ཁབ་ ཀྱི་ རྩ་ ཁྲིམས་ དང་ བཅའ་ ཁྲིམས་ གང་ ལའང་ འགལ་ མེད་ ལུགས་ ཚོར་ ཤུགས་ དྲག་ པོས་ བརྗོད་ ཡོད་ པ་ དང་ ། གལ་ ཏེ་ འགལ་ ཡོད་ ན་ དོན་ ཚན་ གང་ དག་ ལ་ འགལ་ ཡོད་ པ་ གསལ་ བཤད་ དགོས་ སྐོར་ སོགས་ ལབ་ སྟེ་ ཁོང་ ཚོའི་ བར་ ཁ་ རྩོད་ བྱུང་ མཐར་ ཉེན་ རྟོག་ པ་ སྐད་ བཏང་ སྟེ་ འཛིན་ བཟུང་ བྱས་ པ་ ཞིག་ ཡིན་ འདུག་ ལ། སྐབས་ དེར་ གྲོང་ པའི་ ཕོ་ གསར་ བཅུ་ གྲངས་ ཤིག་ ལས་ ཁུངས་ དེའི་ ཕྱི་ ལོགས་ སུ་ འཚོགས་ ཡོད་ དེ་ དག་ ཀྱང་ འཛིན་ བཟུང་ བཙན་ འཁྲིད་ བྱས་ ཏེ་ ད་ ལྟའང་ བཀག་ ཉར་ བྱས་ ཡོད་ འདུག

ཐེངས་ འདིར་ འཛིན་ བཟུང་ བྱས་ པ་ མང་ ཆེ་ བ་ འབྲི་ རུ་ རྫོང་ བཙོན་ ཁང་ དུ་ བཅུག་ ཡོད་ པ་ དང་ ། ཁོང་ ཅག་ ཉིན་ ལྟར་ རྫོང་ བཙོན་ ཁང་ ནས་ སྤྱི་ བདེ་ ལས་ ཁུངས་ ལ་ ཁྲིད་ དེ་ འཇམ་ རྩུབ་ གཉིས་ ཐོག་ ནས་ འདྲི་ རྩད་ བྱེད་ བཞིན་ ཡོད་ འདུག་ ལ། འགའ་ ཤས་ ས་ གནས་ གཞན་ ལ་ འཁྲིད་ ཡོད་ པའི་ ཚོད་ དཔག་ བྱེད་ ཀྱི་ ཡོད་ འདུག ཟླ་ འདིའི་ ཚེས་ ༣ ཉིན་ འབྲི་ རུ་ རྫོང་ ནས་ དམག་ མི་ བརྒྱ་ ཕྲག་ ཅིག་ གྲོང་ ཚོར་ འབྱོར་ ཡོད་ པ་ མ་ ཟད། གྲོང་ ཚོའི་ འགྲམ་ གྱི་ རྒྱལ་ མོ་ རྔུལ་ ཆུའི་ འགྲམ་ རྒྱུད་ དུ་ དམག་ སྒར་ བཏབ་ ཡོད་ འདུག ཉིན་ དེ་ ནས་ བཟུང་ གྲོང་ ཚོའི་ མི་ སུ་ གང་ ས་ རུབ་ རྗེས་ ཁྱིམ་ ནས་ སྒོའི་ ཕྱིར་ ཐོན་ མི་ ཆོག་ པ་ བཟོས་ ཡོད་ འདུག

གཞན། ཁམས་ འབྲི་ རུ་ རྫོང་ ཆག་ རྩེ་ ཞང་ གྲོང་ ཚོ་ ལྔ་ པ་ ནས་ ཡིན་ པའི་ དཀོན་ མཆོག་ སྦྱིན་ པ་ ཉེ་ ཆར་ འཛིན་ བཟུང་ གིས་ ཉིན་ ༢༠ ལྷག་ ཕྱིན་ ཡོད་ པ་ དང་ ། ཆག་ རྩེ་ ཞང་ གོང་ མ་ མདོ་ ནས་ ཡིན་ པའི་ དར་ རྒྱས་ འཛིན་ བཟུང་ གིས་ ཉིན་ ༡༠ ཕྱིན་ ཡོད་ ཀྱང་ ། ད་ ལྟ་ ཁོང་ ཅག་ གི་ གནས་ སྟངས་ གང་ ཡང་ ཤེས་ རྟོགས་ མེད་ པ་ ཆགས་ ཡོད་ འདུག
དུས་བབ་དྲ་བ་ནས།།