ཁོང་ གསུམ་ གྱི་ ནང་ མི་ གཉེན་ འབྲེལ་ སུ་ གང་ ཡང་ ཐུག་ འཕྲད་ སོགས་ བྱེད་ བཅུག་ མེད་ སྟབས། ད་ ཆར་ ཁོང་ ཅག་ གི་ གནས་ སྟངས་ གང་ ཡང་ ཤེས་ རྟོག་ མེད་ པ་ ཆགས་ ཡོད་ འདུག འབྲི་ རུ་ རྫོང་ སྲིད་ གཞུང་ གིས་ དེ་ སྔོན་ ཕྱི་ ལོགས་ ལ་ སློབ་ གཉེར་ ལ་ སྐྱོད་ མྱོང་ མཁན་ སྐྱ་ སེར་ གཉིས་ ཀའི་ མིང་ ཐོ་ བཀྲམས་ ཏེ་ རྫོང་ སྲིད་ གཞུང་ གིས་ འདྲི་ གཅོད་ དང་ བསམ་ བློའི་< སློབ་ གསོ་ སྤེལ་ རྒྱུ་ ཡིན་ པའི་ གསལ་ བསྒྲགས་ སྤེལ་ ཡོད་ འདུག་ ལ། དེ་ སྔོན་ བཙོན་ གྲོལ་ ཐོབ་ པ་ དག་ ལའང་ སློབ་ གསོ་ སྤེལ་ ཡོད་ འདུག
ད་ ལྟའི་ ཆར་ འབྲི་ རུ་ རྫོང་ གི་ བོད་ མི་ ཧ་ ཅང་ མང་ པོ་ ཞགི་ འབྲི་ རུ་ རྫོང་ བཙོན་ ཁང་ དང་ ནག་ ཆུ་ ས་ གནས་ བཙོན་ ཁང་ ། དེ་ བཞིན་ ལྷ་ ས་ བཙོན་ ཁང་ སོགས་ སུ་ བཙོན་ འཇུག་ བྱས་ ཡོད་ འདུག
དུས་བབ་དྲ་བ་ནས།
