རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བརྒྱུད་ལམ་ཁག་༢༤༧ ལ་ཐུག་འཕྲད་བྱས་ཡོད།

བོད་དོན་ལས་འགུལ་བ་རིན་པོས་ཡོ་རོབ་དང་། ཉི་ཧོང་དང་། ཐེ་ཝན། ཧོང་ཀོང། བལ་ཡུལ། རྒྱ་གར་སོགས་ཀྱི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གྲུབ་མཚམས། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་བོད་རིགས་གཞོན་སྐྱེ་ཚོར་བོད་དོན་དང་འབྲེལ་བའི་གཏམ་བཤད་སོགས་གནང་རྒྱུ་ཡིན་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣ པའི་སྟེང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན། ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མེག་གྷན་ཉིན་མོའི་སློབ་གྲྭར་བོད་དོན་ལས་འགུལ་བ་རིན་པོ་སྣེ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས། དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་མཉམ་འཛོམས་བྱས་འདུག
སྐབས་དེར་བོད་དོན་ཆེད་རྐང་འཁོར་རྒྱང་བསྐྱོད་པ་རིན་པོས་མི་མང་ལ་ཁོང་གི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་སྐོར་གསུངས་སྐབས། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། དེ་བཞིན་ཞལ་ཆེམས་བཅས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་བསྒྲགས་དང་མཁྱེན་རྟོགས་ཡོང་ཆེད། འདི་ལོའི་གསུམ་བཅུ་དུས་དྲན་དང་སྟབས་བསྟུན་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་སྐོར་དང་། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་བོད་མི་ཚང་མས་རྡོག་རྩ་གཅིག་བསྒྲིལ་གྱིས་སོ་སོའི་རྩ་དོན་ཆེད་འགན་ཁུར་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
2013_11_31དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གསུངས་བཤད་གནང་སོང་། བོད་དོན་ལས་འགུལ་བ་རིན་པོས་ཕྱི་ལོ་༢༠༡༣  ལོའི་གསུམ་བཅུ་དུས་དྲན་ནས་འགོ་བརྩམས་ཏེ་ཡོ་རོབ་རྒྱལ་ཁབ་༡༣ དང་། ཨེ་ཤི་ཡའི་རྒྱལ་ཁྱབ་ལྔ་བཅས་ཀྱི་ནང་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་བསྐྱོད་དང་འབྲེལ། རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་༡༥༠དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་༢༤༧ ལ་ཐུག་འཕྲད་ཀྱིས། བོད་ནང་གི་རང་ལུས་མེར་སྲེག་གིས་གཙོས་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་གནང་ཡོད་པ་རེད་འདུག་ལ།
དེ་བཞིན་ཁོང་གིས་དྷ་སའི་ཉེ་འཁོར་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་ཡང་བོད་རིགས་གཞོན་སྐྱེ་ཚོར་བོད་དོིན་དང་འབྲེལ་བའི་གཏམ་བཤད་སོགས་གནང་རྒྱུ་ཡིན་པ་རེད་འདུག
བང་ཆེན་དྲ་བ་ནས།