
རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གི་ འགན་ འཛིན་ ལྷན་ ཚོགས་ ཀྱི་ ཚོགས་ གཙོ་སྐུ་ ཞབས་ རི་ ཆ་ ཌི་ སྒེར་ Richard Gere ལགས་ ཀྱིས་ གནད་ དོན་ དེའི་ སྐོར་ བརྗོད་ དོན། རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གིས་ གཙོས་ འཛམ་ གླིང་ ཁྱོན་ ཡོངས་ སུ་ བོད་ དོན་ ལས་ འགུལ་ ཚོགས་ པའི་ དུས་ ཚིགས་ ཧ་ ཅང་ གལ་ ཆེའི་ སྐབས་ འདིར་ སྐུ་ ཞབས་ མེ་ ཐིའུ་ མེ་ ཁ་ ཅི་ མཆོག་ རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གི་ ཚོགས་ གཙོ་ གསར་ པར་ བསྐོ་ གཞག་ བྱུང་ བར་ ང་ ཚོས་ དགའ་ སྤོབས་ ཆེན་ པོས་ འཚམས་ འདྲི་ ཞུ་ རྒྱུ་ ཡིན། ངས་ སྐུ་ ཞབས་ མེ་ ཁ་ ཅི་ མཆོག་ དང་ ལྷན་ ལོ་ མང་ རིང་ ལས་ ཀ་ བྱས་ པར་ བརྟེན་ ཡག་ པོ་ ངོ་ ཤེས་ ཀྱི་ ཡོད། ཁོང་ ནི་ ཧུར་ བརྩོན་ ཅན་ ཞིག་ དང་ ཐུགས་ སེམས་ བཟང་ པོ། འཇོན་ ཐང་ ཅན་ གྱི་ དབུ་ ཁྲིད་ ཅིག་ ཡིན། འཛམ་ གླིང་ ཁྱོན་ ལ་ དམངས་ གཙོ་ གོང་ འཕེལ་ གཏོང་ ཆེད་ སྐུ་ ཞབས་ མེ་ ཁ་ ཅི་ མཆོག་ གིས་ བྱས་ རྗེས་ ཆེན་ པོ་ བཞག་ ཡོད་ པ་ མ་ ཟད།༧གོང་ ས་ ཏཱ་ ལའི་ བླ་ མ་ མཆོག་ དང་ གྲོགས་ འདྲིས་ ཆེན་ པོ་ ཡོད་ པ་ དང་ ། བོད་ དོན་ རྒྱབ་ སྐྱོར་ ཤུགས་ ཆེ་ གནང་ མཁན་ ཞིག་ ཡིན། ཁོང་ ནི་ རྒྱ་ ནག་ ནང་ གི་ ཆབ་ སྲིད་ དང་ རིག་ གཞུང་ ། སྤྱི་ ཚོགས་ སོགས་ ཀྱི་ སྐོར་ ལ་ རྒྱུས་ མངའ་ ཆེན་ པོ་ ཡོད། སྐུ་ ཞབས་ ཁོང་ ཚོགས་ གཙོར་ བསྐོ་ གཞག་ བྱུང་ བ་ དེས་ རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ ལ་ རྒྱལ་ སྤྱིའི་ འབྲེལ་ ལམ་ དང་ དམངས་ གཙོ་ འཕེལ་ རྒྱས་ སོགས་ ཀྱི་ གནད་ དོན་ ཐོག་ ཉམས་ མྱོང་ ཆེན་ པོ་ ཐོབ་ རྒྱུ་ ཡིན་ ཞེས་ བརྗོད་ ཡོད་ འདུག
གནས་ ཚུལ་ འདིའི་ སྐོར་ བོད་ མིའི་ སྒྲིག་ འཛུགས་ དྲ་ བར་ བཀོད་ པ་ ལྟར་ ན། ཚོགས་ གཙོ་ གསར་ པ་ མཆོག་ ཇོར་ ཇི་ ཡའི་ Georgia ཡུལ་ དུ་ འོས་ བསྡུ་ རྟོག་ ཞིབ་ གནང་ མཁན་ ཚོགས་ ཆུང་ གི་ ཚོགས་ མི་ ཡིན་ སྟབས། མི་ འགྱངས་ པར་ ཡུལ་ དེར་ ཕེབས་ ཏེ་ ལས་ དོན་ གྲུབ་ མཚམས་ རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གི་ ཚོགས་ གཙོའི་ ལས་ འགན་ བཞེས་ ཏེ་ རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གི་ ལོ་ ལྔའི་ ལས་ འཆར་ བཀོད་ སྒྲིག་ གནང་ རྒྱུ་ ཡིན་ འདུག

དེ་ ཡང་ སྐུ་ ཞབས་ མེ་ ཁ་ ཅི་ མཆོག་ གིས་ དེང་ སྐབས་ རྒྱལ་ སྤྱིའི་ སྡིངས་ ཆའི་ ཐོག་ རྒྱ་ ནག་ སྟོབས་ ཤུགས་ ཇེ་ ཆེར་ འགྲོ་ བཞིན་ པའི་ དུས་ སྐབས་ འདིར་ བོད་ མིའི་ ཆོས་ དང་ རིག་ གཞུང་ སྲུང་ སྐྱོབ་ ཀྱི་ ལས་ འགུལ་ དེ་ སྔ་ ལས་ ཤུགས་ ཆེ་ རུ་ གཏོང་ རྒྱུ་ ནི་ བོད་ མི་ ཙམ་ གྱི་ ཆེད་ དུ་ མ་ ཟད། འཛམ་ གླིང་ ཁྱོན་ ཡོངས་ ལ་ ཧ་ ཅང་ གལ་ ཆེན་ པོ་ ཆགས་ ཡོད་ སྟབས། རྒྱལ་ སྤྱིའི་ བོད་ དོན་ ལས་ འགུལ་ ཁང་ གིས་ ལས་ དོན་ དེ་ དག་ གིས་ བདེན་ པ་ དང་ འགྲོ་ བ་ མིའི་ རིན་ ཐང་ གི་ སྟོབས་ ཤུགས་ ནི་ དྲག་ པོས་ གཉའ་ གནོན་ བྱེད་ མི་ ཐུབ་ པའི་ བརྡ་ ལན་ གསལ་ པོ་ གཏོང་ བཞིན་ ཡོད་ པར་ བརྟེན་ ཧ་ ཅང་ གལ་ ཆེན་ པོ་ ཆགས་ ཡོད་ ཅེས་ སོགས་ བརྗོད་ འདུག
སྐུ་ ཞབས་ མེ་ ཁ་ ཅི་ མཆོག་ ནི་ ཨི་ ཊ་ ལིའི་ ཕོ་ ལོ་ རེན་ སི་ (Florence) ཞེས་ པའི་ གྲོང་ ཁྱེར་ ནང་ སྐྱེས་ ཤིང་ ། ཨི་ ཊ་ ལིའི་ གྲོས་ ཚོགས་ འོག་ མའི་ ཕྱི་ འབྲེལ་ ལས་ དོན་ ཚན་ པའི་ ཚོགས་ མི་ དང་ ། ༢༠༠༨ ལོར་ ཨི་ ཊ་ ལིའི་ རྒྱལ་ ཡོངས་ འོས་ བསྡུའི་ སྐབས་ ཁོང་ རེ་ ཌི་ ཀལ་ ཆབ་ སྲིད་ ཚོགས་ པའི་ ཚོགས་ གཞོན་ དུ་ བསྐོ་ གཞག་ བྱུང་ རྗེས་ ཨི་ ཊ་ ལིའི་ གྲོས་ ཚོགས་ བོད་ དོན་ རྒྱབ་ སྐྱོར་ ཚོགས་ པའི་ ཚོགས་ གཙོ་ གནང་ ཡོད་ འདུག ཁོང་ གི་ སྣེ་ ཁྲིད་ འོག་ ༢༠༠༩ ལོར་ ཨི་ ཊ་ ལིའི་ རྒྱལ་ ས་ རོམ་ དུ་ རྒྱལ་ སྤྱིའི་ གྲོས་ ཚོགས་ བོད་ དོན་ རྒྱབ་ སྐྱོར་ ཚོགས་ པ་ ཐེངས་ ལྔ་ པ་ ཚོགས་ ཏེ་ ༸གོང་ ས་ མཆོག་ ཆིབས་ སྒྱུར་ བསྐྱངས་ ཡོད་ འདུག ལྷན་ ཚོགས་ སྐབས་ དེར་ རྒྱལ་ སྤྱིའི་ གྲོས་ ཚོགས་ བོད་ དོན་ རྒྱབ་ སྐྱོར་ འབྲེལ་ མཐུད་ (International Network of Parliamentarians on Tibet)གསར་ འཛུགས་ གནང་ ཡོད་ ཅིང་ ། ༢༠༡༡ ཟླ་ ༣ ནང་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ སྲིད་ སྐྱོང་ གསར་ པའི་ འོས་ བསྡུའི་ སྐབས་ རྟོག་ ཞིབ་ ཚོགས་ ཆུང་ (Tibetan Election Observation Mission)ནང་ ཡོད་ པར་ བརྟེན་ བཙན་ བྱོལ་ བོད་ མིའི་ དམངས་ གཙོ་ འཕེལ་ རྒྱས་ ཆེད་ ཞབས་ འདེགས་ ཞུས་ ཡོད་ འདུག དུས་བབ་དྲ་བ་ནས།།