རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་གར་གྲོས་ཚོགས་ནང་གཟིགས་ཞིབ་ཏུ་ཕེབས།

གཟའ་ཟླ་བའི་ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་རྒྱན་ལས་རྣམ་པ་རྒྱ་གར་གྲོས་ཚོགས་ནང་གཟིགས་ཞིབ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུག་འཕྲད་དུ་ཕེབས་ཡོད་འདུག
 ཟླ་འདིའི་ཚེས་ ༡༠ ཉིན་བཞུགས་སྒར་དུ་༧གོང་ས་མཆོག་གིས་ནོར་སྤེལ་ཞི་བདེ་གཟེངས་རྟགས་བཞེས་ནས་མི་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་གཙིའི་
མཛད་སྒོ་མཇུག་སྒྲིལ་རྗེས། ལྡི་ལིར་རྟེན་གཞི་བྱས་ པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྡི་ལིར་ཕེབས་ཏེ་རྒྱ་གར་གྲོས་ ཚོགས་འོག་མའི་ནང་ཟུར་ཉན་དུ་བཅར་ཡོད་པ་དང༌། ཞོར་དུ་ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་ བློན་ཆེན་དང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་གནང་ སྟེ་བོད་མིའི་ལུས་མེར་བསྲེགས་གཙོས་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ སྐོར་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་འདུག
གོང་གསལ་གནས་ཚུལ་སྐོར་གསར་འགོད་པས་སྤྱི་འཐུས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། དེང་སྐབས་རྒྱ་གར་གྱི་གྲོས་ཚོགས་འཚོགས་བཞིན་ཡོད་སྟབས། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་རྒྱ་གར་གྲོས་ཚོགས་ཀྱི་ལས་རིམ་ལ་ཐུགས་ཞིབ་གནང་རྒྱུ་གཙོ་བོ་རེད། སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་གར་གྲོས་ཚོགས་ཀྱི་ལས་རིམ་དང་རྣམ་པ་སོགས་མཐོང་བསྡད་ཡོད་ཀྱང༌། ད་རེབ་སྤྱི་འཐུས་རྒྱུན་ལས་རྣམ་པ་དངོས་སུ་རྒྱ་གར་གྲོས་ཚོགས་ནང་ཕེབས་ཏེ། གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་གཟིགས་ཞིབ་གནང་བ་ཡིན་ན། གནད་འགག་མ་འདྲ་བ་མང་པོ་ཞིག་རྟོགས་ཡོང་གི་ཡོད་སྟབས། ཐེངས་འདིར་ཆེད་དུ་བསྐྱོད་པ་རེད། ཞོར་དུ་གྲོས་ཚོགས་འཐུས་མི་རྣམ་པ་དང་ལྡི་ལི་གྲོང་ཁྱེར་གྱི་སྤྱི་ཁྱབ་བློན་ཆེན། དེ་བཞིན་བློན་ཆེན་གཞན་དག བོད་དོན་རྒྱབ་སྐྱོར་མི་སྣ་སོགས་ལ་ཐུགས་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་ད་ལྟའི་ཆར་བོད་མིས་རང་ལུས་མེར་བསྲེགས་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད། དེ་བཞིན། བོད་དོན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུ་བཞིན་ཡོད་པ་རེད་ཅེས་སོགས་བརྗོད་སོང༌།
སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྡི་ལི་མཐོ་སློབ་ནང་སློབ་གཉེར་བྱེད་པའི་བོད་པའི་སློབ་ཕྲུག་ཚོར་ཐུག་འཕྲད་བགྲོ་གླེང་གནང་ཡོད་འདུག སྤྱི་འཐུས་རྒྱུན་ལས་རྣམ་པའི་ལྡི་ལི་ཁུལ་གྱི་ལས་རིམ་གྲུབ་རྗེས་དེ་རིང་ཕྱིར་བཞུགས་སྒར་དུ་ལོག་ཡོད་འདུག དུས་བབ་དྲ་བ་ནས།