
དེ་ རིང་ བྱང་ ཀོ་ རི་ ཡའི་ རྒྱལ་ སར་ ཀོ་ རི་ ཡའི་ མགོ་ ཁྲིད་ ཀིམ་ ཇོང་ ཨན་ (Kim Jong-un)དང་ མཐོ་ རིམ་ དཔོན་ ཚོ་ གཙོས་ མང་ ཚོགས་ སྟོང་ ཕྲག་ མང་ པོས་ དེ་ སྔའི་ བྱང་ ཀོ་ རི་ ཡའི་ མགོ་ ཁྲིད་ ཀིམ་ ཇོང་ ཨེལ་ (Kim Jong-il)འདས་ གྲོངས་ ཕྱིན་ ཏེ་ ལོ་ གཉིས་ འཁོར་ བར་ རྗེས་ དྲན་ མཛད་ སྒོ་ ཚོགས་ ཡོད་ ཅིང་ ། ཀིམ་ ཇོང་ ཨེལ་ གྱི་ བུ་ ཆེ་ བ་ ཀིམ་ ཇོང་ ནམ་
ཐེངས་ འདིར་ ད་ ལྟའི་ ཀོ་ རི་ ཡའི་ མགོ་ ཁྲིད་ ཀིམ་ ཇོང་ ཨན་ གྱི་ ཨ་ ནེ་ ཀིམ་ ཡོང་ ཧེ་ (Kim Kyung-Kee)ཁོ་ མོའི་ གཅེན་ པོའི་ རྗེས་ དྲན་ མཛད་ སྒོར་ ཞུགས་ མེད་ ཅིང་ ། དེ་ ནི་ སྲིད་ གཞུང་ གིས་ ཁོང་ མོའི་ ཁྱོ་ ག་ དམར་ གསོད་ བྱས་ པས་ ཡིན་ པར་ ངོས་ འཛིན་ བྱེད་ ཀྱི་ ཡོད། ཟླ་ འདིའི་ ཚེས་ ༨ ཉིན་ བྱང་ ཀོ་ རི་ ཡའི་ དམར་ ཤོག་ ངལ་ རྩོལ་ སྲིད་ དོན་ ཚོགས་ ཆེན་ སྐབས། བྱང་ ཀོ་ རི་ ཡའི་ དམག་ སྤྱི་ ཆེན་ མོ་ ཆཱིང་ སོན་ ཐེག་ (ChangSongThaek)ཡི་ གོ་ གནས་ བླངས་ ཡོད་ པ་ མ་ ཟད། ངལ་ རྩོལ་ དམར་ ཤོག་ ཚོགས་ པའི་ ཚོགས་ མི་ ལས་ ཕྱིར་ འཕུད་ བཏང་ སྟེ་ ཚེས་ ༡༢ ཉིན་ བྱང་ ཀོ་ རི་ ཡའི་ དམག་ དོན་ ཁྲིམས་ ཁང་ གིས་ ཁོ་ རང་ གིས་ དབང་ ཤུགས་ སྒེར་ གཅོད་ དང་ ། སྲིད་ གཞུང་ མགོ་ རྟིང་ སློག་ པའི་ ལྐོག་ གཡོ་ བྱས་ པའི་ ཉེས་ མིང་ འོག་ སྲོག་ ཁྲིམས་ བཅད་ དེ་ དམར་ གསོད་ བཏང་ ཡོད།

སྲིད་ དོན་ དབྱེ་ ཞིབ་ པ་ ཚོས་ ཐེངས་ འདིར་ བྱང་ ཀི་ རི་ ཡའི་ མགོ་ ཁྲིད་ ཀིམ་ ཇོང་ ཨན་ གྱིས་ རང་ གི་ ཨ་ ཁུ་ སྲོག་ ཐོག་ ཏུ་ གཏོང་ སྟངས་ དེ་ ནི། སྔོན་ མ་ ཧེའེ་ ཊི་ ལིར་ (Hilter)དང་ སི་ ཌ་ ལིན(Stalin)། མའོ་ ཙི་ ཏུང་ གསུམ་ གྱིས་ རང་ གི་ དབང་ ཆ་ ས་ བརྟེན་ ཡོང་ ཆེད་ སོ་ སོའི་ དམག་ དཔོན་ དང་ དྲུང་ ཡིག་ སོགས་ དམར་ གསོད་ བཏང་ བའི་ སྲིད་ བྱུས་ དེ་ ལག་ ལེན་ བསྟར་ པ་ ཞིག་ ཡིན་ པར་ ངོས་ འཛིན་ བྱེད་ ཀྱི་ ཡོད་ འདུག
མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ དྲུང་ ཆེ་ གཙོས་ ནུབ་ ཕྱོགས་ རྒྱལ་ ཁབ་ ཁག་ གི་ མགོ་ ཁྲིད་ ཚོས་ བྱང་ ཀོ་ རི་ ཡའི་ སྲིད་ གཞུང་ ལ་ སྐྱོན་ བརྗོད་ ཤུགས་ ཆེན་ བྱེད་ ཀྱི་ ཡོད་ པ་ དང་ ། བྱང་ ཀོ་ རི་ ཡས་ ད་ ལྟའི་ བྱེད་ སྟངས་ ལ་ གཞིག་ ན། མ་ འོངས་ པར་ ལྷོ་ ཀོ་ རི་ ཡར་ དུས་ ཚོད་ ངེས་ མེད་ ཀྱི་ འཇབ་ རྒོལ་ བྱེད་ སྲིད་ པར་ ཚོད་ དཔག་ བྱེད་ ཀྱི་ ཡོད་ པ་ དང་ ། ལྷོ་ ཀོ་ རི་ ཡའི་ སྲིད་ འཛིན་ བྷར་ ཁུ་ ( Park Genu-Hye) ཡིས་ ཀྱང་ རྒྱལ་ ཁབ་ བདེ་ འཇགས་ དཔོན་ རིགས་ ཚོ་ བསྐོངས་ ཏེ། བྱང་ ཀོ་ རི་ ཡས་ ཆིང་ སོང་ ཐེག་ དང་ ཁོ་ རང་ གི་ འབྲེལ་ ཡོད་ དཔོན་ རིགས་ ཕྱིར་ འཕུད་ དང་ དམར་ གསོད་ བྱེད་ སྟངས་ དེས་ གོ་ སྐབས་ ལ་ བསྟུན་ ཏེ་ ལྷོ་ ཀོ་ རི་ ཡར་ དམག་ འཁྲུག་ སློང་ སྲིད་ སྟབས། རྒྱལ་ ཁབ་ སྲུང་ སྐྱོབ་ ཐད་ དོ་ སྣང་ ཆེན་ པོ་ བྱེད་ དགོས་ པའི་ བཀའ་ བཏང་ ཡོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།