རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དཀོན་མཆོག་ཚེ་བརྟན་སྐུ་གྲོངས་འདུག

གཟའ་མིག་མར་ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་ཚེ་བརྟན་ལགས་འབར་ཁམས་སུ་འཁྱེར་པའི་ལམ་བར་ནས་སྐུ་གྲོངས་ཡོད་འདུག  
ཟླ་འདིའི་ཚེས་  ཉིན་གྱི་ཕྱི་དྲོར་རྔ་ཁུལ་རྔ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་
རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས། ཉིན་དེར་རྒྱ་གཞུང་ཉེན་རྟོག་པས་འབར་ཁམས་སུའཁྱེར་བའི་ལམ་བར་ནས་སྐུ་གྲོངསཡོད་སྟབས། ཕུང་བོ་མེར་བསྲེགས་བཏང་ཡོད་སྐོར་ཁོང་གི་ནང་མིར་བརྗོད་ཡོད་འདུག  
གནས་ཚུལ་མཁོ་སྤྲོད་པ་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་ཁོང་ལམ་བར་དུ་སྐུ་གྲོངས་རྗེས། ཁྱིམ་མི་ཚོར་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་ཐད་ཀར་མེར་བསྲེགས་བཏང་ཡོད་པ་མ་ཟད། ཁོང་གི་རུས་ཐལ་ཡིན་ཟེར་ནས་ཐལ་བ་ཅུང་ཙམ་འདས་པོའི་བཟའ་ཟླའི་སྤུན་མཆེད་ཅིག་གི་ལག་ཏུ་བཞག་ཡོད་ཀྱང་། སྐུ་ཕུང་ག་དུས་མེར་བསྲེགས་བཏང་མིན་དང་ཇི་ལྟར་བཏང་བ་སོགས་གསལ་བཤད་གང་ཡང་བྱས་མི་འདུག  
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།