རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་གཞུང་གིས་ལྷ་སའི་མགྲོན་ཁང་ཁག་ལ་དམ་དྲག

ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་མགྲོན་ཁང་ཁག་ལ་སྒྲིག་གཞི་གསར་པ་ཞིག་བཟོས་ཏེ། རྒྱ་ནག་གིས་བཅད་བགོས་བྱས་པའི་རང་སྐྱོང་ལྗོངས་གཙོས་པའི་མཚོ་སྔོན་དང་ཀན་སུའུ། ཡུའུ་ནན། སི་ཁྲོན་སོགས་ཀྱི་བོད་མི་རྣམས་ལ་ཆེད་དུ་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༤ ཉིན་པེ་ཅིང་དུ་གནས་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་མོ་རང་སྒེར་གྱི་ཁྲུན་ཁྲིོར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཉིན་ཤས་རིང་ལྷ་ས་ཉེན་རྟོག་ལས་ཁུངས་ཀྱིས་ལྷ་སའི་མགྲོན་ཁང་སོ་སོར་བརྡ་ཁྱབ་ཀྱི་ཡི་གེ་ཞིག་བཀྲམས་ཡོད་པ་དང་།  བརྡ་ཁྱབ་ཡི་གེ་དེའི་ནང་འཁོད་དོན། མགྲོན་ཁང་ལས་གཉེར་བའི་མགྲོན་པོ་སྣེ་ལེན་བྱེད་སྟངས་ཀྱི་བརྒྱུད་རིམ་གཤམ་གསལ་ལྟར། ཡར་ཞུ་དགོས་པའི་མི་སྣའི་ཐོ་འགོད་བརྒྱུད་རིམ། མགྲོན་པོའི་བདེན་དཔང་ཡིག་ཆ། ཉེན་རྟོག་ཚན་པའི་བདེན་དཔང་། ཐོ་འགོད། ནང་འཇུག ནང་སྡོད། ཐོན་པ། ཁ་བྲལ་བའི་དུས་ཚོད་ཐོ་འགོད། ཐོ་འགོད་སྟེགས་བུའི་ཐོག་ཁང་མིག་རྩིས་སྤྲོད་ཀྱི་དུས་ཚོད། ཡར་ཞུ་དགོས་མཁན་གྱི་ཁོངས་གཏོགས་སུ་(རང་སྐྱོང་ལྗོངས་ནང་ཁུལ། ཆབ་མདོ། ནག་ཆུ་ཤར་ཕྱོགས་རྫོང་གསུམ། འབྲི་རུ་རྫོང་། སོག་རྫོང་། སྦྲ་ཆེན་རྫོང་། ལྗོངས་ཕྱི་ལོགས་སུ། མཚོ་སྔོན། ཀན་སུའུ། ཡུ་ནན། སི་ཁྲོན། ཞི་ཅང་གི་རྒྱ་རིགས་མ་ཡིན་པའི་)གནས་སྐབས་རིང་གི་གནས་མཇལ་དང་། གཉེན་འཕྲད། སྨན་བཅོས། ལྗོངས་རྒྱུ། གཞུང་དོན་ཕྱོགས་བསྐྱོད། དངོས་ཟོག་ཉོ་ཚོང་བ་སོགས་ལྗོངས་དང་ཞིང་ཆེན་ལྔའི་བོད་ཁུལ་དང་ཞི་ཅང་གི་མི་(རྒྱ་རིགས་མ་ཡིན་པའི་མི་) ལ་ངེས་པར་བདེན་དཔང་ཡིག་ཆ་དགོས་པ་དང་། ཐོ་འགོད་རྗེས་ཀྱི་སྐར་མ་༡༠ ནང་ཚུད་མངག་གཏོང་ཁང་དུ་སྙན་འབུལ་བྱེད་དགོས་ཤིང་། སྙན་འབུལ་ཡུལ་གྱི་ཁ་པར་ཨང་གྲངས་༦༨༢༣༨༠༩ མངག་གཏོང་ཁང་གིས་སྐར་མ་༡༠ ནང་ཞིབ་བཤེར་(དངོས་སུ་) ལས་འགན་སྒྲུབ་ཚར་རྗེས་ཞག་སྡོད་ཐོ་འགོད་བྱེད་ཆོག  གལ་ཏེ་ཁྲིམས་འགལ་གྱིས་ཡར་ཞུ་མ་བྱས་པ་དང་། བདེན་དཔང་གཅིག་གིས་མི་མང་པོ་ཐོ་འགོད་བྱས་པ། སྒྲིག་གཞི་ལྟར་ཐོ་འགོད་མི་བྱས་པ། བདེན་དཔང་མེད་པར་མགྲོན་སྡོད་བྱས་པ། མི་གཞན་གྱི་ཆེད་དུ་ཐོ་འགོད་བྱས་པ། དུས་ཚོད་ཡོལ་ཟིན་པའི་བདེན་དཔང་གིས་ཐོ་འགོད་བྱས་པ་སོགས་ཀྱི་གནད་དོན་བྱུང་ན། འབྲེལ་ཡོད་ཀྱི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ཚ་ནན་གཅོད་རྒྱུ་ཡིན་པ་དང་། མཇུག་འབྲས་ཚབས་ཆེན་བཟོ་བར་མཐའ་གཅིག་ཏུ་བློ་ཐག་རྦད་བཅད་ཀྱིས་བཀག་སྡོམ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
བང་ཆེན་དྲ་བ་ནས།།