ཁ་ སང་ ཕྱི་ ཚེས་ ༢༥ ཉིན་ གྱི་ སྔ་ དྲོའི་ ཆུ་ ཚོད་ ༨།༣༠ སྟེང་ ། ས་ བྱི་ ཞི་ རྒོལ་ ཆེན་ མོའི་ ནང་ འཛིན་ བཟུང་ བྱས་ པའི་ ཀན་ ལྷོ་ ཅོ་ ནེ་ མ་ རྩ་ སྡེ་ བའི་ རིན་ ཆེན་ ཚེ་ རིང་ ལགས་ ལན་ ཀྲུག་ གྲོང་ ཁྱེར་ གྱི་ ཏཱ་ ཧྲ་ པཱེ་ ཞེས་ པའི་ བཙོན་ ཁང་ ཞིག་ ནས་ ཀློད་ གྲོལ་ གྱིས་ ཕྱིར་ རང་ ཁྱིམ་ དུ་ ལོག་ ཡོད་ ཅིང་ ། སྐབས་ དེར་ ས་ གནས་ མི་ མང་ གིས་ ཁ་ བཏགས་ དང
་
༢༠༠༠༨ བོད་ ནང་ གི་ ས་ བྱི་ ཞི་ རྒོལ་ ཆེན་ མོའི་ ཁྲོད། ཀན་ ལྷོ་ ཅོ་ ནེ་ རྫོང་ དུ་ ཞི་ བའི་ སྐད་ འབོད་ སྐབས། བོད་ པའི་ གངས་ སེང་ རྒྱལ་ དར་ སྒྲེང་ མཁན་ ཡིན་ པའི་ ཉེས་ མིང་ འོག ཅོ་ ནེ་ རྫོང་ མདོ་ ཁོག་ ཞང་ དུ་ ཡོད་ པའི་ ཆོས་ དཔལ་ ཞིང་ བཀྲ་ ཤིས་ ཆོས་ འཁོར་ དགོན་ པའི་ མཚན་ ཉིད་ གྲྭ་ ཚང་ གི་ རང་ ལོ་ ༤༠ ཡིན་ པའི་ གྲྭ་ བསྟན་ འཛིན་ རྒྱ་ མཚོ་ ལགས་ སུ་ ལོ་ ༡༥ ཡི་ དུས་ བཀག་ བཙོན་ འཇུག་ གི་ ཁྲིམས་ ཐག་ བཅད་ དེ་ ལན་ གྲུའུ་ གྲོང་ ཁྱེར་ ཏ་ ཧྲ་ པེ་ ཞེས་ པའི་ བཙོན་ ཁང་ དུ་ བཙོན་ འཇུག་ དང་ ། རྒྱུད་ པ་ གྲྭ་ ཚང་ གི་ རང་ ལོ་ ༢༨ ཡིན་ པའི་ གྲྭ་ བསྟན་ འཛིན་ རྒྱ་ མཚོ་ ལགས་ སུ་ ལོ་ ༡༣ གྱི་ ཁྲིམས་ ཐག་ བཅད་ དེ་ ཀན་ སུའུ་ ཏེན་ ཞི་ གྲོང་ ཁྱེར་ གྱི་ བཙོན་ ཁང་ ཞིག་ ཏུ་ བཙོན་ འཇུག གཞན། སྐབས་ དེའི་ ངོ་ རྒོལ་ སྐབས་ མི་ མང་ གི་ སྣེ་ ཁྲིད་ མཁན་ ཡིན་ པའི་ ཉེས་ མིང་ འོག མདོ་ ཁོག་ ཞང་ མར་ ཙ་ སྡེ་ བའི་ རང་ ལོ་ ༣༨ ཡིན་ པའི་ རིན་ ཆེན་ ཚེ་ རིང་ དང་ རང་ ལོ་ ༢༥ ཡིན་ པའི་ བསྟན་ འཛིན་ བཀྲ་ ཤིས། ཉིན་ པ་ ཞང་ ཉིན་ པ་ སྡེ་ བའི་ རང་ ལོ་ ༣༠ ཡིན་ པའི་ བློ་ བཟང་ རྡོ་ རྗེ་ གསུམ་ ལ་ ལོ་ ༨ རེ་ ཁྲིམས་ ཐག་ བཅད་ དེ། བློ་ བཟང་ རྡོ་ རྗེ་ ཀན་ སུའུ་ པེ་ ཡི་ གྲོང་ ཁྱེར་ གྱི་ བཙོན་ ཁང་ ཞིག་ ཏུ་ བཙོན་ འཇུག་ བྱས་ ཡོད་ པ་ དང་ ། གཞན་ གཉིས་ ཏ་ ཧྲ་ བཙོན་ ཁང་ དང་ ཏེན་ ཞི་ གྲོང་ ཁྱེར་ གྱི་ བཙོན་ ཁང་ བཅས་ སུ་ བཙོན་ འཇུག་ བྱས་ ཏེ། ཁོང་ ཚོའི་ ནང་ མི་ གཉེན་ འབྲེལ་ ཚོར་ ཟླ་ རེར་ ཐེངས་ རེར་ ཐུག་ འཕྲད་ དང་ རྒྱ་ སྒོར་ ༡༠༠ ཡན་ སྤྲད་ མི་ ཆོག་ པའི་ སྒྲིག་ གཞི་ བཟོས་ ཡོད་ འདུག
རིན་ ཆེན་ ཚེ་ རིང་ ལགས་ གློད་ གྲོལ་ བཏང་ ནས་ ཕྱིར་ རང་ ཡུལ་ དུ་ ལོག་ སྐབས་ ནང་ མི་ གཉེན་ ཉེ་ དང་ ། ས་ གནས་ ཡུལ་ མི་ ཚོས་ ཁ་ བཏགས་ གོས་ བཏགས་ སོགས་ བསྒྲོན་ ཏེ་ ཕེབས་ བསུ་ ཟབ་ རྒྱས་ བྱས་ ཡོད་ འདུག དུས་བབ་དྲ་བ་ནས།།




