རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ནེལ་སིན་མན་ཌ་ལ་སྐུ་གྲོངས།

ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་དང་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ནེལ་སིན་མན་ཌ་ལཱ་ལ་མཆོག་ད་ནིང་སྐུ་གྲོངས་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདང་ནུབ་ས་གནས་ཀྱི་ཆུ་ཚོད་ ༨།༥༠ ཡས་མས་ལ་ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་དང་
མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ནེལ་སིན་མན་ཌ་ལཱ་(Nelson Mandela)མཆོག་ལ་གློ་ཚད་བསྐྱར་ལོག་གི་སྙུང་གཞིས་རྐྱེན་པས་ལྷོ་ཨ་ཧྥི་རི་ཁའི་(Johennesburg)གིཁོ་རང་གི་བཞུགས་གནས་སུ་སྐུ་གྲོངས་ཡོད་ཅིང་། ཁོང་སྐུ་གྲོངས་སྐབས་དགུང་གྲངས་ ༩༥ ལ་ཕེབས་ཡོད་འདུག
ཁོང་སྐུ་གྲོངས་པའི་གནས་ཚུལ་བྱུང་མ་ཐག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་དབྱིན་ཡུལ་གྱི་སྲིད་བློན། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་མྱ་ངན་ཞུ་ཚིག་ཕུལ་ཡོད་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བོ་ཡོད་ཅིང་། ད་ལོའི་ཕྱི་ཟླ་ ༦ པའི་ནང་མན་ཌ་ལཱ་མཆོག་གི་སྐུའི་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་སྐབས་༧གོང་ས་མཆོག་གིས་སྙུང་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གྱི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང་ “ སྲིད་འཛིན་ཟུར་པ་མན་ཌ་ལ་མཆོག་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བྱུང་བ་དེ་ནི་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། མི་ཚང་མས་ཁོང་མྱུར་དུ་དྲག་སྐྱེད་ཡོང་ཆེད་སྨོན་ལམ་འདེབས་བཞིན་ཡོད།” ཅེས་གསུངས་ཡོད་པ་རེད།
ནེལ་སིན་མན་ཌ་ལཱ་མཆོག་ནི་ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་ཀད་པུ་གྲོང་ཁྱེར་Cape town)ཞེས་པར་སྐུ་འཁྲུངས་ཤིང་། ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཁ་གཏད་བཅགས་ཏེ་རྒྱུན་རིང་འཐབ་རྩོད་བྱས་སྟེ། སྔ་ཕྱིར་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་དང་། ༡༩༩༠ ལོར་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཐེབས་ཏེ་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཡོད། ༡༩༩༣ ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། ༡༩༩༤ ལོར་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཐོག་གི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ༡༩༩༩ ལོར་ལྷོ་ཨ་ཧྥི་རི་ཀའི་མགོ་ཁྲིད་ནས་རྒན་ཡོལ་ཞུས་ཡོད། དུས་བབ་དྲ་བ་ནས།།