ཁམས་ནགས་ཤོད་འབྲི་རུའི་ན་གཞོན་གཞས་པ་མགོན་པོ་བསྟན་འཛིན་ལགས་དང་འཕྲིན་ལས་ཚེ་བཀར་ལགས་གཉིས་སྔ་རྗེས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གི་ཉེན་རྟོག་པས་ཁམས་ནག་ཤོད་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སེབ་ཁྲ་གྲོང་ནས་ཡིན་པའི་གཞས་པ་དགོན་པོ་བསྟན་འཛིན་ལགས། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་དགོང་མོར་ལྷ་སར་གློ་བུར་དུ་འཛིན་བཟུང་བྱས་ཡོད་ཅིང་། ཁོང་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་བཅས་ཡོད་འདུག མགོན་པོ་བསྟན་འཛིན་ལགས་ཀྱིས་བཏང་བའི་གླུ་གཞས་༼ གངས་ཅན་བོད་ལ་ལོ་གསར་ག་ན་ཡོད། ༽
ཅེས་
པ་
སོགས་
ནི་
བོད་པའི་
ལས་
དབང་
དང་
། བོད་
པའི་
སྐད་ཡིག་དར་སྤེལ་དང་
མི་རིགས་སློབ་གསོའི་སྐོར་སོགས་
ཡིན་
འདུག
གཞན། ཁམས་ནགས་ཤོད་འབྲི་རུ་རྫོང་འབྲི་རུ་ཤང་སེར་ཁང་གྲོང་ནས་ཡིན་པའི་གཞས་པ་འཕྲིན་ལས་ཚེ་དཀར་ལགས་ཟླ་བ་སྔོན་མའི་ཚེས་ ༢༠ཉིན་ཡས་མས་ཤིག་ལ། ནག་ཆུ་ས་ཁུལ་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ལེན་སའི་སློབ་གྲྭར་ཕྱིན་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ད་ལྟ་རང་ལོ་ ༢༢ ཡིན་ཞིང་། ཁོང་གི་ཁྱིམ་དུ་ཨ་མ་དབྱངས་ཅན་སྒྲོལ་དཀར་དང་བཟའ་ཟླ་ཕྲུ་གུ་བཅས་ཡོད་འདུག ཁོང་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ནི་ ༼ མཐུན་སྒྲིལ་གྱི་ཨ་ལོང་ ༽ སོགས་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་གླུ་གཞས་བཏང་བར་ཆབ་སྲིད་ཀྱི་ཉེས་མིང་བཏགས་ཡོད་འདུག
དུས་བབ་དྲ་བ་ནས།