རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ནང་གི་ཕུ་ནུ་མིང་སྲིང་རྣམས་ནམ་ཡང་བརྗེད་རྒྱུ་མེད།

ཐེངས་འདིར་༧གོང་ས་མཆོག་གིས་ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་བོད་ཀྱི་སློབ་ཕྲུག་ཚོར་སྤྱིར་དེང་དུས་ཀྱི་ཤེས་ཡོན་སྤྱི་དང་། བྱེ་བྲག་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཁག་ལ་སློབ་སྦྱོང་བྱེད་ཕྱོགས་ཀྱི་ཐད་ནས་བཀའ་སློབ་གནང་ཡོད་པ་རེད་འདུག          དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་༧གོང་ས་མཆོག་གིས་
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་དུ་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་ཚོར་སྤྱིར་བཏང་ཤེས་ཡོན་གྱི་རིན་ཐང་དང་། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྐོར་ངོ་སྤྲོད་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་དོན།
ངོས་རང་དེ་རིང་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ང་ཚོས་ང་རང་ཚོའི་ཐུན་མོང་མ་ཡིན་པའི་ནང་ཆོས་གཙོ་བོར་གྱུར་བའི་རིག་གཞུང་ལ་སྦྱང་བརྩོན་བྱས་པ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ལ་ཡང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔ་མོ་ང་ཚོར་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་དེང་དུས་ཤེས་ཡོན་གྱི་མ་འདང་པའི་དབང་གིས་བྱུང་བ་རེད།
དེར་བརྟེན་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་པ་རེད། དེའི་ཚེ་དེའི་དུས་ནེ་རུ་མཆོག་གིས་ཀྱང་བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་དགོས་ན། བོད་རིགས་གཞོན་སྐྱེས་ཚོར་ངེས་པར་དུ་སློབ་སྦྱོང་སྤྲོད་དགོས་སྐོར་གསུངས་བྱུང། ནེ་རུ་མཆོག་དང་རྒྱ་གར་གཞུང་ཕྱོགས་ནས་བོད་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་གི་ཆེད་དུ་མཐུན་རྐྱེན་བསྐྲུན་དང་སྐྲུན་མུས་ཀྱི་བཀའ་དྲིན་ལ་བརྟེན། ད་ལྟའི་ཆར་བཙན་བྱོལ་ནང་གི་ཤེས་ཡོན་གྱི་ཚད་གཞི་དེ་བོད་ནང་ལས་ཕལ་ཆེར་ཡག་པ་ཆགས་ཡོད། དེ་བཞིན་བཙན་བྱོལ་ནང་སློབ་སྦྱོང་ཡག་ཉེས་ལ་མ་ལྟོས་པར་ཡིག་རྨོངས་ཕལ་ཆེར་མེད་པ་ལྟ་བུ་རེད། ལྷག་པར་བོད་ནང་ཡོད་པའི་ཁྱེད་རང་ཚོ་དང་ལོ་ན་མཉམ་པ་གཙོ་བོར་གྱུར་བའི་རང་ཉིད་ཀྱི་ཕུ་ནུ་མིང་སྲིང་རྣམས་ནམ་ཡང་བརྗེད་རྒྱུ་མེད། ཁོང་ཚོ་ནི་བོད་ནང་རང་དབང་བྲལ་ནས་གདམ་ག་གང་ཡང་མེད་སྟབས། རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་འཐོན་བཞིན་འདུག བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་གཙོ་བོ་གྱུར་བའི་སྐད་ཡིག་ལ་བརྟེན་ནས་ང་ཚོ་འཛམ་གླིང་འདིའི་ནང་སྤོབས་པ་སྐྱེས་འོས་པ་ཞིག་ཆགས་ཡོད།
ལྷག་པར་ང་ཚོའི་སྔོན་བྱོན་མཁས་པ་དང་ལོ་ཙཱ་བ་ཚོས་དཀའ་ངལ་མང་དག་ཅིག་ཁྱད་དུ་བསད་ནས་ ནང་ཆོས་ཀྱི་གཞུང་ཕལ་མོ་ཆེ་བོད་སྐད་དང་བོད་ཡིག་ནང་ཕབ་བསྒྱུར་གནང་བར་བརྟེན། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་ཆོས་འདི་བཞིན་བོད་སྐད་དང་བོད་ཡིག་ཐོག་ནས་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་ཐུབ་ཀྱི་ཡོད་པ་མ་ཟད། ཚན་རིག་པ་མཁས་ཅན་མང་པོ་ཞིག་གིས་ནང་ཆོས་ཀྱི་གཞུང་ལ་དོ་སྣང་བྱས་དང་བྱེད་མུས་རེད། དེ་བཞིན་ཚན་རིག་པ་ཚོས་གཞུང་ལུགས་དེ་དག་ནས་བསྟན་པའི་རྟེན་འབྲེལ་དང་ནང་སེམས་ཚོར་ཐོག་ལ་ཧ་ཅང་དགའ་མོས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག་ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།  བང་ཆེན་དྲ་བ་ནས།།