རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བཙོན་པ་ཞིག་ཀློད་གྲོལ་ཐོབ།

ཟླ་འདིའི་ཚེས་ ༡༧ ཉིན་ཁམས་དཀར་མཛེས་རྫོང་མཐིང་ཁ་ཞང་རུ་ཁག་གཉིས་པའི་སྐལ་བཟང་བསྟན་འཛིན་ལགས་སི་ཁྲོན་མེའུ་ཡཱན་བཙོན་ཁང་ནས་ཀློད་གྲོལ་ཐོབ་སྟེ་ཕྱིར་<རང་ཁྱིམ་དུ་ལོག་ཡོད་འདུག
འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། སྐལ་བཟང་བསྟན་འཛིན་ལགས་ཀྱིས་སྔར་ལོའི་ཕྱི་ཟླ་ ༧ ཚེས་ ༤ ཉིན། དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས་ཞེས་པ་སོགས་ཀྱི་སྐད་འབོད་བརྒྱབ་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། དཀར་མཛེས་རྫོང་
ཉེནརྟོག་པ་འབྱོར་ཏེ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་གཏོང་བཞིན་བཙན་འཁྲིད་བྱས་ཡོད་པ་དང་། རྗེས་སུ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེའུ་ཡཱན་བཙོན་ཁང་(四川绵阳监狱)ཞེས་པར་བཙོན་འཇུག་བྱས་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འགྱུར་བ་ཞིག་གི་དབང་གིས་བཙོན་ཁང་དེར་བསྒྱུར་བཅོས་གཏོང་རྒྱུ་ཡིན་ཚུལ་བརྗོད་དེ་བཙོན་པ་ཡོངས་ཀློད་གྲོལ་གྱིས་རང་ཁྱིམ་དུ་བཏང་ཡོད་པ་ལྟར། སྐལ་བཟང་བསྟན་འཛིན་ལགས་ཀྱང་ཟླ་འདིའི་ཚེས་ ༡༧ ཉིན་ཕྱིར་རང་ཁྱིམ་དུ་ལོག་ཡོད་པ་དང་། སྐབས་དེར་ནང་མི་གཉེན་འབྲེལ་ཚོས་ཁ་བཏགས་བཟུང་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག  
སྐལ་བཟང་བསྟན་འཛིན་ལགས་ནི། དཀར་མཛེས་རྫོང་མཐིང་ཁ་ང་རུ་ཁག་གཉིས་འིཕ་བློ་བཟང་རྒྱལ་མཚན་དང་མ་བཀྲ་ཤིས་མཁའ་འགྲོ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣ ཡིན་འདུག  དུས་བབ་དྲ་བ་ནས།།