རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མན་ཌ་ལའི་མྱ་ངན་ཚོགས་ཆེན།


དེ་རིང་ཕྱི་ཟླ་༡༢་ཚེས་༡༠་ཉིན་ལྷོ་ཨ་ཧྥི་རི་ཀའི་འཇོ་ཧ་ཎ་སི་བྷར་གྷེ་གྲོང་ཁྱེར་གྱི་རྩེད་ཐང་ཆེན་མོར་རྒྱལ་ཁབ་དེའི་སྲིད་འཛིན་ཟུར་པ། ཎལ་སེན་མན་ཌ་ལ་དམ་པ་དེ་ཉིད་
ལ་མྱ་ངན་དང་རྗེས་དྲན་གྱི་མཛད་སྒོ་ཚོགས་ཏེ། མི་ཁྲི་ཚོ་༩་དང་སྟོང་ཕྲག་ལྔ་ཤོང་བའི་རྩེད་ཐང་དེར་མི་ཚོགས་ཀྱིས་ཁེངས་ཤིང་། ལྷོ་ཨ་ཧྥི་རི་ཀ་བ་འབུམ་ཕྲག་མང་པོས་ཆར་ཞོད་ལ་འཛོམ་ཟོན་མེད་པར་སྲིད་འཛིན་དམ་པ་ཎལ་སེན་མན་ཌ་ལར་རྗེས་དྲན་དང་མྱ་ངན་བྱས་འདུག ད་ཐེངས་ཀྱི་མྱ་ངན་ཚོགས་འདུ་འདིར་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་དང་སྲིད་འཛིན་ཟུར་པ་གསུམ་སྟེ། འཇི་མི་ཁ་ཊར་དང་བྷིལ་ཁི་ལིན་ཀྲོན། འཇོར་འཇི་ཌབ་ལུ་རྦུ་ཤི་བཅས་ཨ་མི་རི་ཀའི་སྲིད་འཛིན་བཞི་ཕེབས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མའི་མྱ་ངན་གཏམ་བཤད་ནང་དུ་ཎལ་སེན་མན་ཌ་ལ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དེ་འདྲ་ཞིག་བསྐྱར་དུ་འབྱུང་མི་སྲིད། ཡིན་ནའང་ངས་ཨ་ཧྥི་རི་ཀ་དང་འཛམ་གླིང་ཡུལ་གྲུ་ཁག་གི་ན་གཞོན་ཚོར་མན་ཌ་ལའི་སྐུ་ཚེའི་མཛད་འཕྲིན་དེ་ཉིད་ང་ཚོ་རང་གི་ཆོད་སེམས་ལ་བསྒྱུར་དགོས་པ་དང་། ལོ་ངོ་སུམ་ཅུའི་གོང་དུ་ང་སློབ་ཕྲུག་ཅིག་ཡིན། ངས་ཎལ་སེན་མ་ཌ་ལས་ལྷོ་ཨ་ཧྥི་རི་ཀའི་མི་དམངས་ཀྱི་དོན་དུ་དཀའ་ལས་རྒྱག་གི་ཡོད་པ་གོ་ཐོས་བྱུང་སོང་། ཁོང་གིས་ང་ལ་སེམས་འགུལ་ཆེན་པོ་ཞིག་ཐེབས་པ་དང་། ངས་དེ་ནས་བཟུང་སྟེ་དཀའ་ལས་བརྒྱབ་ནས་དེ་རིང་ང་ཚད་འདིར་བསླེབས་པ་རེད། ངས་ནམ་ཡང་ཎལ་སེན་མན་ཌ་ལའི་མཛད་པ་འཕྲིན་ལས་ཀྱི་དོ་ཟླ་ཆོད་དཀའ། ངས་ཎལ་སེན་མན་ཌར་མིག་དཔེ་བལྟས་ནས་རང་ཉིད་ཕྱོགས་གང་ཐད་དུ་མི་བཟང་པོ་དང་ནུས་པ་ཅན་ཞིག་བྱ་ཐུབ་པའི་སློབ་གསོ་ཐོབ་སོང་ཞེས་བཤད་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་ནས།།