གྲྭ་བསོད་ནམས་ལགས་སུ་དེ་རིང་གསར་དུ་གནས་ཚུལ་འབྱོར་བར། ཟླ་སྔོན་མའི་ཕྱི་ཚེས་ ༡༡ ཉིན་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་བླ་བྲང་འབོ་ར་དགོན་པའི་གྲྭ་དགེ་འདུན་རྒྱ་མཚོ་ལགས་སུ། མི་བསད་པའི་ཉེས་འཛུགས་འོག་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢ ཉིན། བླ་བྲང་འབོ་ར་དགོན་པའི་ཉེ་འཁྲུས་གཞུང་ལམ་སྟེང་འབོ་ར་བརྡར་མདོ་སྡེ་བའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་པའི་ཕྱི་ཉིན། རྒྱ་ནག
་
གི་
ཉེན་
རྟོག་
པ་
དང་
འབོ་
ར་
ཞང་
སྲིད་
གཞུང་
གི་
ལས་
བྱེད་
འབོ་
ར་
དགོན་
པར་
ཡོང་
སྟེ་
གྲྭ་
དགེ་
འདུན་
རྒྱ་
མཚོ་
དང་
བློ་
བཟང་
འཕགས་
པ། འཇམ་
དབྱངས་
བཟོད་
པ། འཇམ་
དབྱངས་
བློ་
གྲོས། འཇམ་
དབྱངས་
རྒྱ་
མཚོ་
བཅས་
ལ་
སྐད་
ཆ་
འདྲི་
རྒྱུ་
ཡོད་
ཚུལ་
བཤད་
དེ་
འཛིན་
བཟུང་
བྱས་
ཡོད་
འདུག
རྒྱ་གཞུང་གིས། གཟུངས་འདུས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས། ཉེན་རྟོག་པས་མེ་གསོད་ཐབས་བྱས་ཀྱང་གྲྭ་དགེ་འདུན་རྒྱ་མཚོ་སོགས་ཀྱིས་མེ་གསོད་དུ་མ་བཅུག་སྟབས་མི་བསད་པའི་ནག་ཉེས་བསགས་ཡོད་ཅེས་ཉེས་འཛུགས་བྱས་ཡོད་ཀྱང༌། གྲྭ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཉེས་འཛུགས་དེ་ངོས་ལེན་བྱས་མེད་པ་དང༌། ཁྲིམས་ཐག་གཅོད་པའི་ཉིན་མོར་ཁོང་གི་ནང་མི་ ༤ སྐད་བཏང་ཡོད་ཅིང༌། ཉིན་དེར་ཡང་ཁོང་གིས་ནག་ཉེས་དེ་ངོས་ལེན་བྱེད་ཀྱི་མེད་ཚུལ་ནང་མི་ཚོས་བརྗོད་འདུག
གྲྭ་དགེ་འདུན་རྒྱ་མཚོ་ལགས་ནི། འབོ་ར་ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་པ་དང༌། ད་ལྟ་རང་ལོ་ ༤༧ ། ཨ་མའི་མིང་ལ་བསོད་ནམས་འཚོ་ཟེར་གྱི་ཡོད་འདུག དུས་བབ་དྲ་བ་ནས།།