རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ངོ་དེབ་ལ་ཁ་མཆུ་བཙུགས་འདུག

དེང་སང་འཛམ་གླིང་གི་ས་ཕྱོགས་ཀུན་དུ་དར་ཁྱབ་ཧ་ཅང་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ངོ་དེབ་(facebook)ནང་དུ་མི་སྒེར་གྱི་གནས་ཚུལ་གསང་རྒྱ་དམ་པོ་མེད་པའི་སྐྱོན་འཛུགས་བྱས་ཏེ། ངོ་དེབ་བཀོལ་སྤྱོད་བྱེད་མཁན་མང་པོས་མཉམ་རུབ་ཀྱིས་ཁ་མཆུ་བཙུགས་འདུག
ངོ་དེབ་ལ་ཆེད་དུ་དམིགས་པའི་ཁ་མཆུ་ཡི་གེ་དེའི་ནང་། “ངོ་དེབ་བེད་སྤྱོད་བྱེད་མཁན་གྱིས་སྒེར་འཕྲིན་བརྒྱུད་ནས་དྲ་ཐག་གཏོང་རེས་བྱེད་སྐབས། བེད་སྤྱོད་བྱེད་

མཁན་གྱི་གནས་ཚུལ་འཚག་སེལ་(Scaning) བྱས་ཏེ། མི་དེའི་དྲ་ཐོག་བྱེད་སྒོའི་
གྲངས་ཐོ་བསྡུ་རུབ་བྱེད་བཞིན་པའི་སྐྱོན་འཛུགས་བྱས་ཡོད་པ་དང་། ཁ་མཆུའི་ཡི་གེ་ནང་འཁོད་དོན། ངོ་དེབ་ཀྱིས་བརྒྱུད་རིམ་ཡོད་པའི་ཐོག་ནས་བེད་སྤྱོད་བྱེད་མཁན་གྱི་གནས་ཚུལ་སྔོག་བཤེར་བྱེད་བཞིན་པ་མ་ཟད། ཕྱོགས་གསུམ་པའི་ཁོངས་ཀྱི་ཁྱབ་བསྒྲགས་བྱེད་མཁན་དང་ཚོང་ལས་མཁན་སོགས་ཀྱི་གྲངས་ཐོ་བསྡུ་རུབ་བྱས་ཏེ། དེའི་ནང་ནས་ཁེ་སྤོགས་ལེན་བཞིན་ཡོད་སྐོར་”བརྗོད་འདུག
ཡིན་ནའང་ངོ་དེབ་མགྲིན་ཚབ་པས་ལན་འདེབས་བྱས་པ་ལྟར་ན། སྐྱོན་འཛུགས་ཀྱི་ཡི་གེ་དེར་གཞི་འཛིན་ས་གང་ཡང་མེད་པ་དང་། ང་ཚོས་མཐའ་གཅིག་ཏུ་ར་སྤྲོད་གསལ་པོ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
གཟའ་འཁོར་འདིའིི་འགོ་སྟོད་དུ་ཡར་ཞུ་བྱས་པའི་ཁ་མཆུ་ཡི་གེའི་དེར་རང་དབང་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། “ངོ་དེབ་ཀྱིས་བདེ་སྤྱོད་བྱེད་མཁན་སྒེར་གྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་འདུག་པ་དང་། བྱེད་ཐབས་དེ་དང་གནས་ཚུལ་བརྒྱུད་སྤྲོད་མགྱོགས་ཚད་གཉིས་ལ་འབྲེལ་བ་མེད་ལུགས་”བརྗོད་ཡོད་པ་རེད།
སྙན་ཐོའི་ནང་། ངོ་དེབ་བེད་སྤྱོད་བྱེད་མཁན་གྱིས་ཁོ་ཚོས་རང་དབང་གི་གླེང་སྟེགས་ཤིག་ཏུ་འབྲེལ་འདྲེས་བྱེད་བཞིན་ཡོད་པས། དེར་སྟངས་འཛིན་བྱ་ར་བྱེད་མཁན་མེད་པའི་ངོས་འཛིན་བྱས་ཏེ། རྒྱུན་ལྡན་མི་བཤད་པའི་སྐད་ཆ་མང་པོ་ཞིག་ཤོད་བཞིན་ཡོད་པ་རེད། ཡིན་ནའང་། གལ་ཏེ་ཁོ་ཚོས་སོ་སོའི་གནས་ཚུལ་ལ་བྱ་ར་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཚེ། ཁོ་ཚོས་དེ་ལྟར་བྱེད་རྒྱུ་མ་རེད་ཅེས་བརྗོད་འདུག
ངོ་དེབ་ཀྱི་གསང་རྒྱའི་སྲིད་ཇུས་ལ་སྔོན་མར་ཡང་སྐྱོན་བརྗོད་བྱས་མྱོང་བ་དང་། ལོ་སྔོན་མའི་ཕྱི་ཟླ་དགུ་པའི་ནང་། ངོ་དེབ་ཀྱིས་མི་གཞན་གྱི་མིང་དངོས་དང་མགོ་དཔར་ངོ་མ་བེད་སྤྱོད་དེ་ཁྱབ་བསྒྲགས་བྱེད་པར་ཆོག་མཆན་སྤྲད་པར་བརྟེན་མི་མང་པོས་སྐྱོན་བརྗོད་བྱས་ཡོད་པ་རེད། བང་ཆེན་དྲ་བ་ནས།