རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གཞུང་གི་ལྷན་ཁང་ཁག་མཐོང་དུས་སེམས་པ་སྐྱིད་པོ་བྱུང་སོང་།

རྒྱ་ནག་ལ་ང་ཚོས་དྲག་པོའི་སྟོབས་ཤུགས་ཀྱིས་ཁ་གཏད་གཅོག་གི་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་རྒྱ་གཞུང་གི་ལག་ནས་བོད་དེ་རང་འཇག་ལེན་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད་ཅེས་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་བཀྲ་ཤིས་ཀྱིས་བརྗོད་བྱུང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཤེས་རིག་
ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་སློབ་ཕྲུག་ཚོར་འགོ་ཁྲིད་ནུས་པ་བསྐྱེད་སྲིང་གི་ཟབ་སྦྱོང་ཐོག་བཅར་བའི་སློབ་མ་ཁག་ཅིག་ལ་འདི་གའི་གསར་འགོད་པས་ཟབ་སྦྱོང་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་ཡོད།
tenzin_phuntsok4རྒྱ་གར་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ཡན་ལག་ར་ཇུ་པུར་སློབ་གྲྭའི་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་ཁྱེད་རང་ལ་ཟབ་སྦྱོང་འདི་བརྒྱུད་ནས་དམིགས་བསལ་གྱིས་སློབ་སྦྱོང་དང་ཁེ་ཕན་རག་སོང་ངམ་ཞེས་དྲིས་པར། ཁོང་གིས་“ང་རང་གིས་འདིར་ཕེབས་པའི་སློབ་ཕྲུག་ཚང་མར་ཕན་ཐོགས་ཆེན་པོ་ཞེ་དྲག་བྱུང་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ནས་ཟབ་སྦྱོང་འདིར་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། ལྷན་ཁང་ཁག་ལ་གཟིགས་སྐོར་དུ་ཁྲིད་པ། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་གནད་དོན་མང་པོ་ཞིག་གི་ཐོག་གོ་རྟོགས་སྤེལ་ཡོད་པ་རེད། དེ་བཞིན་ང་རང་ཡིན་ན་བོད་ནས་དང་པོ་སླེབས་དུས་མ་གཏོགས་དྷ་སར་སླེབས་མ་སོང་། ད་རེས་སྲིད་སྐྱོང་དངོས་སུ་མཇལ་རྒྱུ་བྱུང་སོང་དངོས་གནས་དགའ་པོ་བྱུང་”ཞེས་བརྗོད་བྱུང་།
ཡང་ཁོང་ལ་ཁྱེད་རང་ནམ་རྒྱུན་དྷ་སར་ཡང་ཡང་སླེབས་ཀྱི་མེད་པར་བརྟེན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁག་ཁང་ལ་གཟིགས་སྐོར་ཁྲིད་སྐབས་ཚོར་བ་ག་འདྲ་བྱུང་ཞེས་དྲིས་པར། ཁོང་གིས་“ང་རང་ཚོ་མི་གཞན་གྱི་ལུང་པར་བཙན་བྱོལ་གྱི་གནས་སྟངས་འོག་ཡོད་ན་ཡང་། ང་ཚོ་འདིར་ལྷན་ཁང་ཁག་ཡོད་པ་དང་། ཡོད་པ་དེ་ཡང་ཡག་པོ་ཡོད་པ་མཐོང་དུས་སོ་སོ་ལ་སྤོབས་པ་དང་འགན་ཁུར་ དམིགས་བསལ་བ་ཞིག་སླེབས་སོང་”ཞེས་བརྗོད་བྱུང་།
sonam_choetso2རྒྱ་གར་ཨུ་རུ་ས་ནས་ཡོང་བའི་སློབ་མ་བསོད་ནམས་ཆོས་མཚོར་ཁྱེད་རང་ཟབ་སྦྱོང་འདིར་ཡོང་དགོས་པའི་དམིགས་ཡུལ་མདོར་བསྡུས་ཤིག་གསུངས་རོགས་ཞེས་བརྗོད་པར། ཁོང་གིས་“ང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཆགས་ཡོད་པས། མ་འོངས་པར་བོད་མི་རིགས་དང་རྩ་དོན་ཆེད་ཞབས་ཕྱི་ཞུ་དགོས་ཀྱི་ཡོད་པར་བརྟེན། བོད་མིའི་སྤྱི་ཚོགས་ལ་རྒྱུས་ལོན་ཡོང་ཆེད་དང་། འགོ་ཁྲིད་ཚད་ལྡན་ཞིག་ཆགས་ཐབས་སོགས་ལ་དམིགས་ཏེ་འདིར་ཡོང་བ་ཡིན། ད་རེས་འདིར་ཡོང་ནས་ཉམས་མྱོང་མང་པོ་ཞིག་རག་སོང་ལ། བོད་ཀྱི་གནས་སྟངས་མང་པོ་ཞིག་ཤེས་རྟོགས་བྱུང་སོང་། དེ་བཞིན་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཚན་ལེན་སྟངས་སོགས་གནད་དོན་མང་པོ་ཞིག་ཤེས་སོང་”ཞེས་བརྗོད་བྱུང་། ཁོང་གིས་མུ་མཐུད་དུ་ད་རེས་ཟབ་སྦྱོང་འདི་བརྒྱུད་ནས་དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གིས་གཙོས། རིག་གཞུང་གི་ཁོར་ཡུག་དང་ཚོགས་པ་ཁག་མང་པོ་ཞིག་ལ་བཅར་རྒྱུ་བྱུང་བས་ཚོར་བ་སྐྱིད་པོ་བྱུང་སྐོར་ཡང་བརྗོད་བྱུང་།
tenzin_tashi3
དྷ་སའི་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་བཀྲ་ཤིས་ཀྱིས་“ང་ཚོ་རྒྱལ་ཁབ་གཞན་དང་འདྲ་ཡི་མ་རེད། ང་ཚོར་རང་བཙན་ཡོད་མ་རེད། མི་རིགས་དང་རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན་ང་ཚོས་དཀའ་ལས་མང་བ་རྒྱག་དགོས་ཀྱི་ཡོད་རེད། ལྷག་པར་དུ་ང་ཚོ་བོད་ཀྱི་སློབ་ཕྲུག་ཚོར་འགན་ཁུར་ཆེན་པོ་ཡོད་པར་བརྟེན་སློབ་སྦྱོང་ལ་དམིགས་བསལ་གྱིས་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། རྒྱ་ནག་ལ་ང་ཚོས་དྲག་པོའི་སྟོབས་ཤུགས་ཀྱིས་ཁ་གཏད་གཅོག་གི་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་རྒྱ་གཞུང་གི་ལག་ནས་བོད་དེ་རང་འཇག་ལེན་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད་”ཅེས་བརྗོད་བྱུང་།
tenzin_noryang1རྡོར་གླིང་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ནོར་དབྱངས་ཀྱིས་“ང་རང་དྷ་སར་སླེབས་པ་ཐེངས་དང་པོ་ཡིན། དེར་བརྟེན་ད་རེས་འདིར་ཡོང་ནས་གཞུང་གིོ་ལྷན་ཁང་ཁག་མཐོང་དུས་སེམས་པ་སྐྱིད་པོ་བྱུང་སོང་། ཟབ་སྦྱོང་འདི་བརྒྱུད་ནས་གནད་དོན་མང་པོ་ཞིག་ཤེས་སོང་ལ། དམིགས་བསལ་གྱིས་ནང་ཆོས་ཀྱི་བརྗོད་གཞི་དེ་དཔེ་ཡག་པོ་ཤེས་སོང་། དེར་བརྟེན་མ་འོངས་པར་སློབ་སྦྱོང་ཡག་པོ་བྱས་ཏེ་སོ་སོས་གང་ཐུབ་ཀྱིས་བོད་མི་རིགས་ཀྱི་ཆེད་དཀའ་ལས་རྒྱག་དགོས་བསམ་ཡོད་”ཅེས་བརྗོད་བྱུང་།
ཟབ་སྦྱོང་འདིར་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་༣༡ ནས་དགེ་རྒན་༣༢ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༣༡༠ ཙམ་ལ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲི་འོག་ཕྱི་༡༠༡༣ ཟླ་༡༢ ཚེས་༢༧ ནས་དབུ་འཛུགས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༡ ཚེས་༢ བར་བརྗོད་གཞི་ཁག་བཅུ་བདུན་ལ་གདན་ཞུ་མི་སྣ་བཅུ་བདུན་གྱིས་གསུང་བཤད་གནང་ཡོད་པ་རེད་ལ། དེ་བཞིན་སློབ་ཕྲུག་ཚོས་བོད་མིའི་སྤྱི་ཚོགས་ལ་རྒྱུས་ལོན་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གིས་གཙོས། དྷ་སའི་ཉེ་འཁོར་གྱི་རིག་གཞུང་གི་ཁོར་ཡུག་དང་ཚོགས་པ་ཁག་མང་པོ་ཞིག་ལ་གཟིགས་སྐོར་དུ་ཁྲིད་ཡོད་པ་རེད། ། བང་ཆེན་དྲ་བ་ནས།།