འདས་ ལོའི་ ཕྱི་ ཟླ་ ༡༢ ཚེས་ ༡༣ ཉིན་ བླ་ བྲང་ དགོན་ པའི་ དོ་ དམ་ ཁང་ གིས་ གྲྭ་ ཡན་ རྣམས་ གཙང་ དག་ བྱེད་ དགོས་ ལུགས་ ཀྱི་ བཀའ་ ཁྱབ་ ཅིག་ བཏང་ འདུག
འདི་ གར་ བསོད་ ནམས་ ལགས་ ཀྱིས་ གནས་ ཚུལ་ བཏང་ བ་ ལྟར་ ན། ༢༠༡༣ ཟླ་ ༡༢ ཚེས་ ༡༣ ཉིན་ བླ་ བླང་ དགོན་ པའི་ དོ་ དམ་ ཁང་ གིས་ བཀའ་ ཁྱབ་ བཏང་ སྟེ།དགོན་ པའི་ གྲྭ་ བ་ དོ་ དམ་ ཁང་ གིས་ གཙོ་ འགན་ འཁུར་ ནས་ བླ་ བྲང་ དགོན་ གྱི་ ཁོངས་ གཏོགས་
བཀའ་ ཁྱབ་ ནང་ གི་ དོན་ ཚན་ ཁག་ ནི། གཅིག བླ་ བྲང་ དགོན་ པ་ རང་ གི་ གྲྭ་ རྒྱུན་ གྱི་ ཁོངས་ སུ་ མི་ གཏོགས་ ཤིང་ གླིང་ འདིར་ རྒྱུན་ སྡོད་ ཆོག་ མཆན་ ཐོབ་ མེད་ པའི་ གྲྭ་ བ་ རྣམ་ གཙང་ དག་ བྱེད་ དགོས།
གཉིས། སྐོར་ དང་ པོ་ གྲྭ་ ཚང་ ཕན་ ཚུན་ ལྔ་ དང་ ། ནང་ ཆེན་ སོ་ སོ་ ན་ ཡོད་ པའི་ གྲྭ་ ཡན་ ཡིན། གྲྭ་ ཡན་ གཙང་ དག་ སྐོར་ རྗེས་ མའི་ མཚན་ ཐོ་ དང་ གོ་ རིམ་ སོགས་ དོ་ དམ་ ཁང་ གིས་ ཟུར་ དུ་ ཐག་ གཅོད་ བྱེད་ རྒྱུ་ ཡིན། གཙང་ དག་ བྱེད་ ཡུལ་ སྐོར་ དང་ པོ་ ནི་ ༢༠༡༣ ལོའི་ ཧོར་ ཟླ་ ༡༢ པའི་ ཚེས་ ༡ ནས་ ཕྱི་ ལོའི་ ཟླ་ བ་ གསུམ་ པའི་ ཚེས་ ༡ བར་ སོང་ ཚར་ དགོས་ ལ། དེ་ ཡང་ གྲྭ་ ཡན་ གཙང་ དག་ གི་ གོ་ རིམ་ དང་ དུས་ ཚོད་ གཏན་ ཁེལ་ ལྟར་ རིམ་ པ་ བཞིན་ དུ་ སོང་ ཚར་ བའི་ བྱ་ བ་ ལེགས་ པར་ འགྲུབ་ དགོས།
གསུམ། དོ་ དམ་ ཁང་ གི་ ནང་ ཁུལ་ གྱི་ འགན་ འཁུར་ བ་ གཙོ་ བོ་ གྲྭ་ བ་ བདག་ དོམ་ ཁང་ ཡིན་ ལ། སློབ་ སྦྱོང་ ཨུ་ ཡོན་ ལྷན་ ཁང་ དང་ ། སྤྲུལ་ སྐུ་ གཞུང་ སྒྲུབ་ ཁང་ གཉིས་ ཀྱིས་ གཞོགས་ འདེགས་ བྱ་ དགོས། ལག་ བསྟར་ བྱེད་ མཁན་ ཚོགས་ ཆེན་ ཚོགས་ འདུའི་ རྒན་ པ་ དང་ ། གྲྭ་ ཚང་ དྲུག་ གི་ ཚོགས་ འདུའི་ རྒན་ པ། ཐོས་ བསམ་ གླིང་ གི་ འཛིན་ གྲྭ་ གསུམ་ པའི་ སྐྱོར་ དཔོན་ རྣམ་ པ་ བཅས་ ཡིན། ནང་ ཆེན་ སོ་ སོར་ ཚོགས་ ཆེན་ ཚོགས་ འདུའི་ རྒན་ པ་ ནས་ བརྡ་ སྤྲད་ དེ་ ལག་ བསྟར་ བྱ་ དགོས། ཀྲུའུ་ རིན་ ཚོགས་ འདུའི་ གཙོས་ དོ་ དམ་ ཁང་ གི་ མགོ་ ཁྲིད་ འོག་ བདེ་ འཇགས་ ཚན་ པ་ དང་ ། གླིང་ དཔོན་ སོགས་ འབྲེལ་ ཡོད་ སྡེ་ ཁག་ གི་ མི་ སྣ་ སོགས་ ཀྱིས་ རང་ རང་ གི་ སྐབས་ སུ་ བབས་ པའི་ བྱ་ བ་ གང་ བཞག་ ཐམས་ ཅད་ ལེགས་ པར་ བསྒྲུབ་ དགོས། ཚོགས་ ཆེན་ གཙོས་ གྲྭ་ ཚང་ སོ་ སོའི་ བླ་ མ་ ལས་ སྣེ་ རྣམ་ པས་ བསླབ་ བྱ་ དང་ ཚོགས་ གཏན་ གནང་ བ་ སོགས་ ཕྱོགས་ གང་ ཐད་ ནས་ གྲྭ་ ཡན་ གཙང་ དག་ གི་ ཕྱོགས་ ལ་ རྒྱབ་ སྐྱོར་ གང་ ལེགས་ བྱེད་ དགོས། དོ་ དམ་ ཁང་ གི་ ངོས་ ནས་ གྲྭ་ ཡན་ གཙང་ དག་ གི་ འགན་ ཁུར་ བ་ རྣམས་ ལ་ རྒྱབ་ སྐྱོར་ དང་ རྟིང་ གནོན་ བྱེད་ རྒྱུ། འཐུས་ མི་ ལྔ་ བཅུ་ དང་ གྲྭ་ མང་ གི་ ངོས་ ནས་ ཀྱང་ གྲྭ་ ཡན་ གཙང་ དག་ ཕྱོགས་ ལ་ རྒྱབ་ སྐྱོར་ དང་ དགའ་ བསུ་ གང་ ལེགས་ བྱེད་ དགོས།
བཞི། ཚོགས་ ཆོས་ གྲྭའི་ གྲས་ སུ་ གྲྭ་ ཡན་ ཕེབས་ མི་ ཆོག་ པ་ སྔོན་ སྲོལ་ ལྟར་ དང་ ། གཞན་ གསོ་ སྦྱོང་ དང་ ། གདུང་ མདུན། ལྷ་ ཚེས། སྨོན་ ལམ། གསུང་ ཆོས། གྲྭ་ རྒྱུན་ རྩོད་ གྲྭ་ ཟབ་ སྦྱོང་ འཛིན་ གྲྭ་ སོགས་ སུའང་ ཕེབས་ མི་ ཆོག འདི་ ལ་ སྨོན་ ལམ་ གསུང་ ཆོས་ སོགས་ ཚོགས་ ཆེན་ གྱི་ བྱ་ བའི་ སྐོར་ གྱི་ གྲྭ་ ཡན་ ཕེབས་ མི་ ཆོག་ སར་ ཚོགས་ ཆེན་ ཚོགས་ འདུའི་ རྒན་ པས་ ལྟ་ རྟོག་ དང་ ། གྲྭ་ རྒྱུན་ རྩོད་ གྲྭར་ ཐོས་ བསམ་ གླིང་ གི་ ཚོགས་ འདུའི་ རྒན་ པས་ ལྟ་ རྟོག་ དང་ ། ཟབ་ སྦྱོང་ འཛིན་ གྲྭར་ སློབ་ སྦྱོང་ གཞུང་ སྒྲུབ་ ཁང་ ནས་ ལྟ་ རྟོག་ བྱེད་ དགོས།
ལྔ། ལོ་ རྗེས་ མའི་ ནང་ གྲྭ་ ཡན་ གཙང་ དག་ གི་ བྱ་ བ་ ཐམས་ ཅད་ ལེགས་ པར་ བསྒྲུབ་ ཐུབ་ པ་ བྱེད་ དགོས་ ལ། རྗེས་ སོར་ གྲྭ་ ཤག་ དང་ ། ནང་ ཆེན། གཞུང་ ཁང་ སོ་ སོ་ ནས་ གྲྭ་ ཡན་ སོགས་ ལ་ གནས་ ཚང་ གཏོང་ མི་ ཆོག་ པ་ བཅས་ དོ་ དམ་ ཁང་ ནས་ ཡིག་ ཆ་ འདི་ ཐག་ གཅོད་ བྱས་ པ་ ཡིན། ཞེས་ བཀོད་ འདུག


གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།