རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཨ་རིས་ལྷོ་ཀོ་རི་ཡར་སྲུང་དམག་ཁ་སྣོན།

ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡར་བཅའ་སྡོད་ཀྱི་དམག་དཔུང་ཁ་སྣོན་ཆེད་དམག་མི་༨༠༠ མངགས་གཏོང་བྱས་ཡོད་པ་མ་ཟད། དམག་དོན་འཐབ་འཁྲུག་གི་ཡོ་ཆས་ཀྱང་མང་དུ་བཏང་ཡོད་པ་དང་། ཝ་ཤིང་ཌོན་གྱི་བྱ་སྤྱོད་དེ་ནི་བྱང་ཀོ་རི་ཡའི་ཕྱོགས་ཀྱི་འཇིགས་སྐུལ་ལ་རྒོལ་ལན་སློག་ཆེད་ཡིན་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༧ ཉིན་དམག་དཔུང་ཁ་སྣོན་གྱི་གསལ་བསྒྲགས་སྤེལ་ཡོད་པ་དང་། ཉིན་དེར་ཨ་རིའི་ཕྱི་སྲིད་དྲུང་རྗོན་ཆེ་ཁེ་རེ་(John kerry)དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཡན་བྷང་སི་(Yun Byung-se)་གཉིས་ཀྱིས་ཝ་ཤིང་ཌོན་དུ་མཇལ་འཕྲད་བྱས་ཏེ། རྗོན་ཁེ་རེ་ཡིས་མཇལ་འཕྲད་སྐབས་ཡན་བྷང་སི་ལ་བསྐྱར་དུ་ཨ་རིའི་ལྷོ་ཀོ་རི་ཡའི་སྲུང་སྐྱོབ་ཀྱི་དམ་བཅའ་གསལ་སྟོན་བྱས་ཡོད་པ་རེད།
རྗོན་ཁེ་རེ་ཡིས་“ཁོང་གཉིས་ཀྱིས་བྱང་ཀོ་རི་ཡིའི་ཁ་གཏད་ལ་ཚ
ད་མཐོའི་དོ་སྣང་བྱེད་བཞིན་པ་དང་། ལྷག་པར་དུ་ཉེ་བའི་གཟའ་འཁོར་འགའི་ནང་བྱང་ཀོ་རི་ཡར་བྱུང་བའི་དོན་རྐྱེན་ལ་དོ་སྣང་བྱེད་བཞིན་ཡོད་སྐོར་བརྗོད་”ཡོད་པ་རེད།
ཁོང་གིས་བརྗོད་པའི་བྱང་ཀོ་རི་ཡར་ཉེ་དུས་བྱུང་བའི་དོན་རྐྱེན་ཞེས་པ་ནི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་རྗོང་ཨུན་(Kim Jong-un)གྱི་ཞང་པོ་སྲོག་ཐོག་བཏང་བ་སོགས་བསྟན་པ་ཞིག་ཡིན་འདུག
འདས་ལོའི་ཟླ་༡༢ པའི་ནང་བྱང་ཀོ་རི་ཡའི་ངལ་རྩོལ་ཆབ་སྲིད་སྡེ་ཚན་ནང་དབང་ཤུགས་ཆེན་པོ་ཡོད་པའི་རྗན་སན་ཊེག་་(Jang Sung-taek) སྲོག་ཐོག་བཏང་ཡོད་པ་དང་། ནུབ་ཕྱོགས་ཀྱི་ཆབ་སྲིད་དཔྱད་བརྗོད་པ་འགས་དེ་ནི་ཅི་ཀྲིན་ཨན་གྱིས་རང་གི་ཆབ་སྲིད་དབང་ཆ་བརྟན་པོ་བཟོས་པ་ཡིན་སྐོར་བརྗོད་བཞིན་པ་དང་། གཞན་ཁ་ཅིག་གིས་བྱང་ཀོ་རི་ཡའི་ཆབ་སྲིད་དབང་འཛིན་པའི་ནང་ཁུལ་བརྟན་ལྷིང་མེད་པའི་རྟགས་མཚན་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། ། བང་ཆེན་དྲ་བ་ནས།།