
དེ་ རིང་ རྒྱ་ གར་ རྒྱལ་ སྲུང་ བདེ་ འཇགས་ ལྷན་ ཁང་ གིས་ བརྗོད་ པ་ ལྟར་ ན། བོད་ ཀྱི་ མཐའ་ མཚམས་ ས་ ཁུལ་ ཁག་ ནས་ རྒྱ་ ནག་ གི་ མཐའ་ སྲུང་ དམག་ མིས་ བདུན་ ཕྲག་
རྒྱ་ གར་ རྒྱལ་ སྲུང་ བདེ་ འཇགས་ ལྷན་ ཁང་ གིས། རྒྱ་ ནག་ མཐའ་ མཚམས་ དམག་ མིས་ རྒྱ་ གར་ བྱང་ ཤར་ ལ་ དྭགས་ ནང་ བཙན་ འཛུལ་ ཡང་ ཡང་ བྱེད་ ཀྱིན་ ཡོད་ ཀྱང་ ། ཁོ་ ཚོ་ ས་ ཁུལ་ དེ་ དག་ ནང་ དུས་ ཡུན་ ཆུ་ ཚོད་ ༡ ཙམ་ ལས་ སྡོད་ ཀྱི་ མེད་ སྟབས། ད་ སྔ་ རྒྱལ་ ཁབ་ བདེ་ འཇགས་ ལ་ གནོད་ གཞིའི་ གནས་ ཚུལ་ དེ་ དག་ སྐོར་ རྒྱ་ ནག་ ལ་ ཉེན་ བརྡ་ གང་ ཡང་ བཏང་ མེད་ སྐོར་ དང་ ། རྒྱ་ དམག་ གིས་ ལ་ དྭགས་ བྱང་ ཤར་ ཁུལ་ དུ་ དམག་ མིའི་ རླངས་ འཁོར་ ཡང་ ཡང་ གཏོང་ གི་ ཡོད་ པ་ དེ་ ནི། བོད་ ནུབ་ ངོས་ ཀྱི་ མཐའ་ མཚམས་ ཁུལ་ དུ་ རྒྱ་ ནག་ གིས་ གཞུང་ ལམ་ འཛུགས་ སྐྲུན་ རྒྱ་ ཆེན་ པོ་ བྱས་ ཡོད་ པས་ ཡིན་ སྟབས། འབྱུང་ འགྱུར་ ཡང་ གནས་ ཚུལ་ དེ་ རིགས་ འཐོན་ སྲིད་ སྐོར་ བསྒྲགས་ འདུག
སྔར་ ལོའི་ ཕྱི་ ཟླ་ ༡༢ ཚེས་ ༡༩ དང་ ཚེས་ ༢༠ ཉིན་ རྒྱ་ ནག་ མཐའ་ སྲུང་ དམག་ མི་ ལ་ དྭགས་ ལྡེབ་ བཟང་ ( Depsang)ཞེས་ པའི་ ས་ ཁུལ་ དང་ ། ཚེས་ ༡༣ ཉིན་ ཏཱག་ གྲིབ་ ཞེས་ པར་ འཛུལ་ ཡོད་ པ་ དང་ ། ཟླ་ འདིའི་ ཚེས་ ཤར་ ལ་ སླར་ ཡང་ ལ་ དྭགས་ ཆུ་ དམར་ དང་ ཏཱག་ གྲིབ་ སོགས་ སུ་ འཛུལ་ ཏེ་ དུས་ ཡུན་ ཆུ་ ཚོད་ ༡ ཙམ་ བསྡད་ རྗེས་ ཕྱིར་ ལོག་ ཡོད་ འདུག
འདས་ ལོའི་ ཟླ་ ༡༠ པའི་ ནང་ རྒྱ་ གར་ སྲིད་ བློན་ མན་ མ་ ཧཱན་ སིང་ དང་ རྒྱ་ ནག་ གི་ སྲིད་ བློན་ ལི་ ཁཱེ་ ཆིང་ གཉིས་ ཀྱིས་ མཐའ་ མཚམས་ སྲུང་ སྐྱོབ་ སྐོར་ གྱི་ ཡིག་ ཆར་ མིང་ རྟགས་ བཀོད་ དེ། ས་ མཚམས་ ཁུལ་ དུ་ ཞི་ བདེ་ བརྟན་ བརླིང་ དང་ དམག་ འཐབ་ མི་ འབྱུང་ བ། མཉམ་ ལས་ དམག་ སྦྱོང་ བྱ་ རྒྱུ་ སོགས་ ལ་ གྲོས་ ཆོད་ བཞག་ ཡོད་ ཀྱང་ ། རྒྱ་ དཀར་ ནག་ གི་ ས་ མཚམས་ རྩོད་ རྙོག་ དེ་ ལོ་ རེ་ བཞིན་ ཇེ་ སྡུག་ ཏུ་ འགྲོ་ བཞིན་ ཡོད་ པ་ དང་ ། ཐེངས་ འདིར་ ཡང་ རྒྱ་ ནག་ གི་ དམག་ མི་ རྒྱ་ གར་ ས་ མཚམས་ ནང་ འཛུལ་ ཏེ་ རྒྱ་ གར་ གཞུང་ དམངས་ ལ་ ཁོང་ ཁྲོ་ ཆེན་ པོ་ བསླངས་ ཡོད། དུས་བབ་དྲ་བ་ནས།།