
དེ་ རིང་ ཕྱི་ ཚེས་ ༢༤ ཉིན་ གྱི་ སྔ་ དྲོར་ ཨི་ ཇིབ་ རྒྱལ་ ས་ ཁེད་ རོབ་ ཀྱི་ ལྷོ་ ཕྱོགས་ ས་ གནས་ མེན་ ཡྰ་ (Minya) ཁྲིམས་ ཁང་ གིས་ ཕྱིར་ འབུད་ བཏང་ བའི་ སྲིད་ འཛིན་
ཁྲིམས་ རྩོད་ པ་ ཛ་ རེ་ (Mohammed Zarie) ལགས་ ཀྱིས་ རོའུ་ ཊར་ གསར་ འགོད་ པར། ཐེངས་ འདིའི་ ཁྲིམས་ ཁང་ གི་ ཐག་ གཅོད་ དེ་ སྡུག་ རྩུབ་ ཅན་ ཞིག་ ཡིན་ པ་ དང་ ཁས་ ལེན་ གནང་ དཀའ་ བས་ ཡང་ བསྐྱར་ མཐོ་ རིམ་ ཁྲིམས་ ཁང་ ལ་ ཞུ་ གཏུགས་ བྱ་ རྒྱུ་ ཡིན་ པ་ དང་ ། ལྷག་ པར་ དུ་ ཨི་ ཇིབ་ ཀྱི་ ཁྲིམས་ ཁང་ སྲིད་ གཞུང་ གི་ ཤ་ འཁོན་ ལེན་ པའི་ ལག་ ཆ་ ཆགས་ ཡོད་ སྟབས། དེ་ རེབ་ ཀྱི་ ཐག་ གཅོད་ འདི་ ལོ་ རྒྱུས་ ནང་ མིག་ དཔེ་ ངན་ པ་ ཞིག་ ཆགས་ ཡོད་ ཅེས་ བརྗོད་ འདུག
ན་ ནིང་ ཟླ་ ༧ པའི་ ནང་ ཨི་ ཇིབ་ དམག་ སྤྱི་ སེ་ སེ་ (Abdel Fattah al-Sisi ) ལགས་ ཀྱིས་ སྲིད་ འཛིན་ མོར་ སི་ (Morsi) ཕྱིར་ འབུད་ བྱས་ རྗེས། བར་ བརྒལ་ སྲིད་ གཞུང་ གིས་ ཁ་ ཆེ་ སྤུན་ ཟླ་ ཚོགས་ པ་ འཇིགས་ སྐུལ་ རིང་ ལུགས་ པར་ ངོས་ འཛིན་ བྱས་ ཏེ་ སྒོ་ བརྒྱབ་ ཡོད་ པ་ མ་ ཟད། སྲིད་ དོན་ ཚོགས་ པའི་ གནད་ ཡོད་ མི་ སྣ་ དང་ ཚོགས་ མི། རྒྱབ་ སྐྱོར་ བྱེད་ མཁན་ ཁྱོན་ མི་ ༡༢༠༠ ལྷག་ ལ་ ཉེས་ མིང་ སྣ་ ཚོགས་ འོག་ འཛིན་ བཟུང་ ཁྲིམས་ ཆད་ བཏང་ ཡོད་ འདུག
གནད་ དོན་ དབྱེ་ ཞིབ་ པ་ ཚོས། དམག་ དཔུང་ གི་ རྒྱབ་ རྟེན་ ཡོད་ པའི་ སྲིད་ གཞུང་ གིས་ ཁ་ ཆེ་ སྤུན་ ཟླ་ ཚོགས་ པ་ རྩ་ མེད་ བཏང་ ནས་ ཕྱིར་ འབུད་ བཙོན་ འཇུག་ བྱས་ པའི་ སྲིད་ འཛིན་ མོར་ སི་ ལ་ དགའ་ མོས་ ཡོད་ མཁན་ ཚོར་ ཨི་ ཇིབ་ ཀྱི་ སྲིད་ དོན་ ནང་ གོ་ སྐབས་ མེད་ པ་ བཟོ་ རྒྱུ་ ཡིན་ པ་ བདེན་ དཔང་ ར་ སྤྲོད་ བྱས་ ཡོད་ ཅེས་ བརྗོད་ འདུག
གསར་ འགྱུར་ བརྒྱུད་ ལམ་ ཁག་ ནང་ སྲིད་ གཞུང་ གིས་ དུས་ རྒྱུན་ ཁ་ ཆེ་ སྤུན་ ཟླ་ ཚོགས་ པས་ དྲག་ སྤྱོད་ དང་ འཇིགས་ སྐུལ་ ཚོགས་ པ་ རྩ་ འཛུགས། གཞུང་ དངོས་ བཙན་ འཕྲོག་ བྱས་ པའི་ སྐྱོན་ འཛུགས་ བྱས་ ཀྱང་ ། ཁ་ ཆེ་ སྤུན་ ཟླ་ ཚོགས་ པས་ དྲག་ སྤྱོད་ དང་ འབྲེལ་ བའི་ འབར་ རྫས་ གས་ གཏོར་ སོགས་ ལ་ འབྲེལ་ བ་ གང་ མེད་ ཅེས་ ཁས་ ལེན་ བྱས་ མེད་ ཚུལ་ སོགས་ བཀོད་ འདུག
སང་ ཉིན་ ཡང་ བསྐྱར་ ཁྲིམས་ ཁང་ དེའི་ ནང་ ཁ་ ཆེ་ སྤུན་ ཟླ་ ཚོགས་ པའི་ ཚོགས་ གཙོ་ སྐུ་ ཞབས་ བྷེ་ ཌེ་ (Mohammed Badie) དང་ ། ས་ གནས་ མེན་ ཡྰ་ (Minya) ཡི་ མགོ་ ཁྲིད་ མི་ སྣ་ ཁག་ ཅིག་ གཙོས་ ཁྱོན་ མི་ ༧༠༠ ལ་ ཁྲིམས་ བཤེར་ བྱ་ རྒྱུ་ ཡིན་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།།