
ཆུ་ཟོ་འགྲན་རྩོད་ཅེས་པ་ནི་ལུས་ལ་ཆུ་འཁྱག་གཏོར་ཏེ་གཟུགས་པོ་སྦོང་པའི་ལས་འགུལ་ཞིག་ཡིན་པ་དང་། མི་གཅིག་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་པའི་རྗེས་ མི་
གཞན་ཞིག་གི་མིང་བཏོན་ཏེ་འགྲན་རྩོད་བྱེད་དགོས་ཤིང་། ད་ལྟའི་ཆར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སོགས་ཀྱི་ཐོག་ཏུ་བྱ་འགུལ་དེའི་བརྙན་འཁོར་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་རེད།
དེ་ཡང་ལས་འགུལ་དེ་ཐོག་མར་ནུབ་ཕྱོགས་རྒྱལ་ཁབ་བྱང་ཨ་རི་ནས་དར་ཁྱབ་བྱུང་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་སྐྲད་ནད་དང་མཚུངས་པའི་ན་ཚ་(ALS) ཞེས་པ་བཅོས་ཐབས་ཆེད། ཉམས་ཞིབ་བྱེད་པའི་དཔལ་འབྱོར་གྱི་མ་རྩ་བསྡུ་རུབ་ཆེད་ཡིན་པ་རེད།
རྩེད་མོ་དེའི་ནང་ཞུགས་མཁན་རང་ཉིད་ཆུ་འཁྱག་གིས་སྦངས་པའི་བརྙན་འཁོར་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་། བརྒྱུད་ལམ་སོགས་ཀྱི་ཐོག་ཏུ་བཞག་སྟེ། རང་གི་གྲོགས་པོའམ་ཡང་ན་ཁ་གཏད་གསུམ་ཀྱི་མིང་བཏོན་ཏེ་འགྲན་རྩོད་བྱེད་དགོས་ཤིང་། དེ་དང་མཉམ་དུ་ཨ་སྒོར་༡༠ ཡན་(ALS) ཐེབས་རྩ་ཚོགས་པའི་དྲ་རྒྱ་བརྒྱུད་ནས་ཞལ་འདེབས་ཕུལ་དགོས་ཀྱི་ཡོད་པ་དང་། འགྲན་ཡ་མི་གསུམ་གྱིས་ཀྱང་དེ་བཞིན་སོ་སོར་ཆུ་འཁྱག་གཏོར་ཏེ་མུ་མཐུད་དུ་མི་གསུམ་རེར་ལ་འགྲན་རྩོད་བྱེད་པའམ། འགྲན་རྩོད་མ་བྱས་ན་ཨ་སྒོར་༡༠༠ རེ་ཚོགས་པར་ཞལ་འདེབས་འབུལ་དགོས་ཀྱི་ཡོད་འདུག
ད་ལྟའི་བར་ཟླ་གཅིག་གི་དུས་ཚོད་ནང་ཆུ་ཟོ་འགྲན་རྩོད་ཀྱི་རྩེད་མོའི་ལས་འགུལ་ བརྒྱུད་དེ། སྐྲན་ནད་(ALS)ཉམས་ཞིབ་ཀྱི་ཐེབས་རྩ་ཚོགས་པར་ཨ་སྒོར་ས་ཡ་༧༠.༢ ཞལ་འདེབས་བྱུང་ཡོད་པ་རེད།

དེ་བཞིན་ཨ་རིའི་བུད་མེད་ཨེ་ཐིལ་ཀེ་ནི་ཊི་(Ethel Kennedy) ཡིས་ཨ་རིའི་ད་ལྟའི་སྲིད་འཛིན་ཨོ་བྷ་མའི་མིང་བཏོན་ཏེ་འགྲན་རྩོད་བྱས་ཡོད་ཀྱང་། སྲིད་འཛིན་ཨོ་བྷ་མ་ལས་འགུལ་དེའི་ནང་མ་ཞུགས་པར། ཞལ་འདེབས་ཨ་སྒོར་༡༠༠ འབུལ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། བང་ཆེན་དྲ་བ་ནས།།