
ཟླ་ འདིའི་ ཕྱི་ ཚེས་ ༢༥ ནས་ འཆར་ ཟླའི་ ཕྱི་ ཚེས་ ༢ བར་ དུ། བོད་ ཀྱི་ རྒྱལ་ ས་ ལྷ་ སར་ སྲོལ་ རྒྱུན་ གྱི་ དབྱར་ སྐྱིད་ ཆེན་ མོ་ ཞོ་ སྟོན་ མགོ་ འཛུགས་ བྱས་ ཡོད་ སྟབས།
རྒྱ་
ཟླ་ འདིའི་ ཕྱི་ ཚེས་ ༢༣ ཉིན། བོད་ རང་ སྐྱོང་ ལྗོངས་ འགྲིམ་ འགྲུལ་ ཉེན་ རྟོག་ ཁང་ གི་ ཁྲིམས་ ལུགས་ དྲིལ་ བསྒྲགས་ ཚན་ པའི་ མགོ་ ཁྲིད་ གཞོན་ པ་ ཀྲང་ ཞའོ་ ནན་ ཟེར་ བ་ དེས། ཞོ་ སྟོན་ རིང་ བོད་ རང་ སྐྱོང་ ལྗོངས་ ཉེན་ རྟོག་ འགྲིམ་ འགྲུལ་ དོ་ དམ་ སྡེ་ ཚན་ པས། ཉེན་ རྟོག་ པ་ འགྲེམས་ འཇོག་ ཤུགས་ ཆེ་ རུ་ གཏོང་ རྒྱུ་ ཡིན་ པ་ མ་ ཟད། མཚན་ མོར་ ཞིབ་ བཤེར་ དང་ གཞུང་ ལམ་ དོ་ དམ། ཆད་ པ་ གཅོད་ རྒྱུ་ བཅས་ ལ་ སྔར་ ལས་ ཤུགས་ སྣོན་ རྒྱག་ རྒྱུ་ ཡིན་ སྐོར་ བསྒྲགས་ ཡོད་ འདུག
ད་ ལོའི་ ཞོ་ སྟོན་ དེ་ ༼མཛེས་ སྡུག་ ལྡན་ པའི་ ཁྱིམ་ གཞིས། བདེ་ སྐྱིད་ ལྡན་ པའི་ ལྷ་ ས༽ཞེས་ པའི་ བརྗོད་ བྱ་ གཙོ་ བོར་ བཟུང་ སྟེ། ཨ་ ཅེ་ ལྷ་ མོ་ དང་ ལྷ་ མོའི་ རྣམ་ ཐར་ སོགས་ འཁྲབ་ སྟོན། དེ་ བཞིན་ ཐང་ ཀའི་ སྒྱུ་ རྩལ་ དང་ ཇོ་ མོ་ གླང་ མའི་ པར་ རིས་ འགྲེམས་ སྟོན་ འགྲན་ བསྡུར་ སོགས་ བྱེད་ སྒོ་ རིགས་ ༡༣ ཙམ་ བཀོད་ སྒྲིག་ བྱས་ ཡོད་ འདུག




གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།