ཟླ་
ཟླ་ འདིའི་ ཕྱི་ ཚེས་ ༢༧ ཉིན་ སི་ ཁྲོན་ ཁྲིན་ ཏུའུ་ འབྲིང་ རིམ་ མི་ མང་ ཁྲིམས་ ཁང་ གིས། ཨ་ དཀོན་ རིན་ པོ་ ཆེ་ སྐུ་ བཀྲོངས་ མཁན་ ཐུབ་ བསྟན་ ཀུན་ གསལ་ ཟེར་ བ་ དང་ ། ཁོའི་ ཚ་ བོ་ ཚེ་ རིང་ (Tsering Banyue )གཉིས་ ལ་ ཁྲིམས་ ར་ ཚོགས་ ཏེ་
སི་ ཀོ་ ལན་ ཌི་ དུས་ བབ་ ཀྱིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཐུབ་ བསྟན་ ཀུན་ གསལ་ ནི་ འཇིམ་ བཟོ་ བ་ ཞིག་ ཡིན་ ཞིང་ ། དེ་ སྔོན་ སི་ ཀོ་ ལན་ ཌིར་ ཡོད་ པའི་ ཨ་ དཀོན་ རིན་ པོ་ ཆེ་ མཆོག་ གི་ དགོན་ པ་ བསམ་ ཡས་ གླིང་ དུ་ ལོ་ ༥ ལས་ ཀ་ བྱས་ ཡོད་ པ་ དང་ ། ཐེངས་ འདིའི་ ཁྲིམས་ བཤེར་ སྐབས་ ཐུབ་ བསྟན་ ཀུན་ གསལ་ གྱིས་ ཁོ་ བོ་ ལག་ དམར་ མིན་ ལུགས་ ཀྱི་ ཁུངས་ སྐྱེལ་ བྱས་ མེད་ པ་ མ་ ཟད། ཨ་ དཀོན་ རིན་ པོ་ ཆེ་ མཆོག་ གིས་ ཁོ་ བོར་ རྒྱ་ སྒོར་ ཁྲི་ ༢༧༠ ཆད་ ཡོད་ ལུགས་ བརྗོད་ ཡོད་ པ་ དང་ ། ཁོའི་ ཚ་ བོ་ ཚེ་ རིང་ གིས་ ཐུབ་ བསྟན་ ཀུན་ གསལ་ ལ་ རོགས་ པ་ བྱས་ ནས་ ཕྱིན་ པ་ མ་ གཏོགས་ དམར་ གསོད་ ཀྱི་ ལས་ ལ་ ཞུགས་ མེད་ སྐོར་ བརྗོད་ ཡོད་ འདུག
སྦེལ་ ཇམ་ ནང་ པའི་ མཐུན་ ཚོགས་ ཀྱི་ ཚོགས་ གཙོ་ ཁཱར་ ལོ་ ལཱེ་ ཁེ་ སུ་ (Carlo Luyckx)ལགས་ ཀྱིས། ཐུབ་ བསྟན་ ཀུན་ གསལ་ གྱིས་ ཨ་ དཀོན་ རིན་ པོ་ ཆེ་ མ་ བཀྲོངས་ སྔོན་ དུ་ ཁོ་ བོར་ སྒོར་ མོ་ སྤྲོད་ དགོས་ སྐོར་ བརྗོད་ ཡོད་ ཀྱང་ ། ཁོ་ བོས་ བསམ་ ཡས་ གླིང་ དུ་ དང་ བླངས་ ཀྱིས་ འཇིམ་ བཟོའི་ ཞབས་ ཞུ་ བསྒྲུབ་ རྒྱུ་ ཡིན་ པའི་ གན་ རྒྱ་ ཡི་ གེ་ ཁྲིམས་ ཁང་ ལ་ ཕུལ་ ཡོད་ ལུགས་ དང་ ། ཁོ་ བོ་ བསམ་ ཡས་ གླིང་ དུ་ སྡོད་ པའི་ རིང་ བཟའ་ བཏུང་ དང་ སྡོད་ གནས་ ཀྱི་ འགྲོ་ སོང་ ཚང་ མ་ དགོན་ པས་ གནང་ བ་ ཡིན་ པས། ཁོས་ དེ་ ལྟར་ བསྒྲུབ་ ཐུབ་ པ་ ཡིད་ ལའང་ འཁོར་ མི་ ཐུབ་ པའི་ སྐོར་ བརྗོད་ འདུག
ཡང་ ཁོང་ གིས་ གསར་ ལམ་ དུ། ༧རྒྱལ་ བ་ ཀརྨ་ པ་ མཆོག་ དང་ ཨ་ དཀོན་ རིན་ པོ་ ཆེའི་ གཅེན་ པོ་ རྣམ་ གཉིས་ ཀྱིས་ ལག་ དམར་ ལ་ སྲོག་ ཁྲིམས་ མི་ གཅོད་ པའི་ ཐུགས་ རེ་ གནང་ གི་ ཡོད་ སྐོར་ བརྗོད་ འདུག་ ལ། ཨ་ དཀོན་ རིན་ པོ་ ཆེ་ སྐུ་ སྒེར་ གྱི་ ཕྱག་ རོགས་ གྲྭ་ ཐུབ་ བསྟན་ ལགས་ ཀྱིས། བྱམས་ སྙིང་ རྗེ་ དང་ བཟོད་ སྒོམ་ ལ་ ཡིད་ ཆེས་ ཉམས་ ལེན་ བྱེད་ མཁན་ ཞིག་ གི་ ངོས་ ནས་ མི་ ཞིག་ བཀྲོངས་ བར་ རྐྱེན་ བྱས་ ཏེ། མི་ གཞན་ ཞིག་ གི་ ཚེ་ སྲོག་ འཕྲོག་ པ་ དེ་ འཁོན་ འཛིན་ སློང་ བའི་ རྒྱུ་ ཡིན་ སྐོར་ བརྗོད་ ཡོད་ པ་ མ་ ཟད། ཐུབ་ བསྟན་ ཀུན་ གསལ་ བསམ་ ཡས་ གླིང་ དུ་ ཡོད་ སྐབས་ སྒོར་ མོ་ དགོས་ པའི་ རེ་ འདུན་ འདོན་ མྱོང་ མེད་ ལ། ཁོ་ རང་ འགྲོ་ སྐབས་ ཀྱང་ ཕན་ ཚུན་ བར་ མི་ ལེགས་ པའི་ ཚོར་ སྣང་ གང་ ཡང་ མེད་ སྐོར་ བརྗོད་ འདུག

ཨ་ དཀོན་ ཀརྨ་ བཤད་ སྒྲུབ་ ཆོས་ ཀྱི་ ཉི་ མ་ མཆོག་ འདས་ ལོའི་ ཕྱི་ ཟླ་ ༡༠ ཚེས་ ༨ ཉིན་ གྱི་ སྔ་ དྲོར། སི་ ཁྲོན་ ཁྲིན་ ཏུའུ་ གྲོང་ ཁྱེར་ གྱི་ བོད་ མིའི་ འདུས་ སྡོད་ ཁུལ་ ཝུའུ་ ཧོ་ སིའི་ མགྲོན་ ཁང་ ཞིག་ ཏུ་ སྐུ་ བཀྲོངས་ ཡོད་ པ་ དང་ ། སྐབས་ དེར་ ཁོང་ གི་ ཚ་ བོ་ བློ་ དགའ་ དང་ ཁ་ ལོ་ བ་ འཇིགས་ མེད་ དབང་ རྒྱལ་ གཉིས་ ཀྱང་ མཉམ་ དུ་ དམར་ གསོད་ བཏང་ ཡོད་ པ་ རེད། ཨ་ དཀོན་ རིན་ པོ་ ཆེ་ མཆོག་ ནི་ རྒྱལ་ སྤྱིའི་ རོགས་ པ་ ཚོགས་ པའི་ ཚོགས་ གཙོ་ དང་ ། ཡུ་ རོབ་ ཏུ་ ནང་ པའི་ དགོན་ པ་ བཞེངས་ མཁན་ ཐོག་ མ་ དེ་ ཡིན་ ལ། ཁོང་ གིས་ ཕྱི་ ལོ་ ༡༩༩༠ ནས་ བཟུང་ ཁོང་ གིས་ བོད་ ནང་ གི་ སློབ་ གྲྭ་ ཁག་ ༦༡ དང་ ། སྨན་ ཁང་ ༡༩ ། རྒན་ གསོ་ ཁང་ ༣ ། བཤད་ གྲྭ་ ༢༩ ། དབུལ་ སྐྱོབ་ ཁང་ ༥ ། རིག་ དངོས་ སྲུང་ སྐྱོབ་ ཁང་ ༣ ། སྨན་ རྩྭ་ འདེབས་ འཛུགས་ ཁང་ ༢ བཅས་ གསར་ རྒྱག་ དང་ རོགས་ རམ་ གནང་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
