རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སྤྱི་འཐུས་གྲོས་ཚོགས་ནང་རྒྱ་ནག་གི་སྲིད་འཛིན་གླེང་འདུག

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚོགས་བཞིན་པ། ༢༠༡༤།༩།༡༥བོད་དོན་སེལ་ཐབས་བྱ་རྒྱུ་དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་གནད་འགག་གཙོ་བོ་ཞིག་ཡིན་པ་སྲིད་སྐྱོང་གིས་གསུངས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་Xi Jinping རྒྱ་གར་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་སྔ་ནུབ་དུ་ཚེས་༡༦ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་
གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་བཞི་པའི་ལས་རིམ་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱ་ནག་གི་སྲིད་འཛིན་མཆོག་རྒྱ་གར་ནང་གཞུང་དོན་འཚམས་གཟིགས་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་པ་རེད། བགྲོ་གླེང་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་ཀྱི་གནད་དོན་འདི་བཞིན་གནད་འགག་གཙོ་བོ་ཆགས་ཀྱི་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇི་ཙམ་མདུན་བསྐྱོད་སོང་ཚེ་དེ་ཙམ་གྱིས་བོད་དོན་ལ་ཁེ་ཕན་ཡོད་ལུགས་གསུངས་འདུག ཡང་སྲིད་སྐྱོང་མཆོག་གིས་གསུངས་པར། རྒྱ་གར་ནི་མི་རིགས་དང་སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད་པའི་རྒྱལ་ཁབ་ཅིག་ཡིིན་ནའང་གཅིག་སྒྲིལ་འོག་གནས་ཐུབ་ཡོད་པ་དེ་ནི་དམངས་གཙོ་དང་རང་དབང་ལ་བརྟེན་པའི་ཆབ་སྲིད་ལམ་ལུགས་ལས་བྱུང་ཡོད་པ་དང་། བོད་ནང་བོད་མི་༡༣༠རང་ལུས་མེར་བསྲེགས་གཙོས་པའི་བོད་མིས་རྣམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་དེ་གཙོ་བོ་བོད་ནང་རང་དབང་མེད་པའི་གནས་སྟངས་ལ་ཐུག་གི་ཡོད་པ་རེད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་མཆོག་ནས་ད་རེས་ཀྱི་གཟིགས་སྐོར་སྐབས། རྒྱ་གར་གྱི་དམངས་གཙོ་དང་རང་དབང་ལྡན་པའི་ལམ་ལུགས་ནས་ལེགས་བྱ་བཞེས་ཐུབ་པའི་རེ་བ་དང་། བོད་ནང་བོད་མིས་རང་སྲོག་བློས་གཏོང་བྱེད་དགོས་དོན་དེ་སྲིད་འཛིན་ཞི་ཅིན་ཕེན་གྱིས་མཁྱེན་པའི་ཐོག་ནས་བོད་སྤྱི་ཡོངས་སུ་སྲིད་ཇུས་གུ་ཡངས་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་སྐུལ་གནང་པ་དང་སྦྲགས་བོད་རྒྱའི་དཀའ་རྙོག་དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་རྒྱུར་རྒྱ་ནག་གི་སྲིད་འཛིན་མཆོག་ནས་དགོངས་བཞེས་ཡོང་བའི་འབོད་སྐུལ་གནང་འདུག  

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།