དེ་
དེ་ རིང་ ཕྱི་ དྲོའི་ ཆུ་ ཚོད་ ༢།༣༠ ཐོག་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ གྷུ་
སྲིད་ འཛིན་ ཞི་ ཡི་ བཞུགས་ ཡུལ་ མགྲོན་ ཁང་ (Hyatt) ཞེས་ པ་ རུ། རྒྱ་ གར་ སྲིད་ བློན་ ནཱ་ རེན་ ཌ་ མུ་ དྷེ་ ཡིས་ ཕེབས་ བསུ་ བྱས་ ཡོད་ ཅིང་ ། སྐབས་ དེར་ གྲོང་ ཁྱེར་ གཞུང་ ལམ་ གཡས་ གཡོན་ དུ་ ཉེན་ རྟོག་ པ་ ༥༠༠༠ ཙམ་ འགྲེམ་ འཇོག་ བྱས་ ཡོད་ པ་ དང་ ། ཁ་ སང་ ས་ གནས་ དེ་ གའི་ བོད་ པའི་ སློབ་ ཕྲུག་ ཚོ་ སྡོད་ ཡུལ་ དུ་ རྒྱ་ གར་ ཉེན་ རྟོག་ པ་ ཡོངས་ ཏེ་ བོད་ པའི་ སློབ་ ཕྲུག་ ༨༠ ཙམ་ འཛིན་ བཟུང་ བཀག་ ཉེར་ བྱས་ ཡོད་ འདུག
ཞི་ ཅིན་ ཕིན་ གྱིས་ རྒྱ་ གར་ ཧིན་ རྡུ་ ཚགས་ ཤོག་ ནང་ བརྗོད་ པར། "རྒྱ་ ནག་ དང་ རྒྱ་ གར་ ནི་ ཤུགས་ རྐྱེན་ ཆེ་ ཤོས་ ཀྱི་ རྒྱལ་ ཁབ་ གཉིས་ ཆགས་ ཡོད་ སྟབས། མ་ འོངས་ པར་ རྒྱལ་ ཁབ་ གཉིས་ བར་ མཉམ་ ལས་ བྱེད་ ཤུགས་ ཆེ་ རུ་ བཏང་ སྟེ། འཛམ་ གླིང་ ཐོག་ གི་ མཐུན་ གྲོགས་ རྒྱལ་ ཁབ་ ཆེ་ ཤོས་ སུ་ འགྱུར་ བ་ བྱ་ རྒྱུ་ ཡིན" ཞེས་ དང་ ། རྒྱ་ གར་ སྲིད་ བློན་ མུ་ དྷེ་ ཡིས། "རྒྱ་ ནག་ དང་ རྒྱ་ གར་ ནི་ ལུས་ གཉིས་ ལ་ སེམས་ གཅིག་ ཡོད་ པའི་ རྒྱལ་ ཁབ་ ཅིག་ ཆགས་ ཡོད་ སྟབས། རྒྱལ་ ཁབ་ གཉིས་ བར་ ཁྱད་ གཞི་ ཁྱད་ ཆོས་ མི་ འདྲ་ བ་ ཡོད་ ཀྱང་ ། རྒྱ་ ནག་ གི་ འབྲུག་ དང་ རྒྱ་ གར་ གྱི་ སྟག་ ཟུང་ འབྲེལ་ ཐོག་ ཞི་ བདེ་ དང་ འདྲ་ མཉམ། དྲང་ བདེན་ ལ་ མོས་ གུས་ བྱེད་ བཞིན་ ཡོད" ཅེས་ བརྗོད་ འདུག
རྒྱ་
ཉེན་ རྟོག་ པས་ བཀག་ འགོག་ བྱས་ མིན་ ལ་ མ་ ལྟོས་ པར་ བོད་ མི་ ཚོས་ ས་ གནས་ དེ་ རང་ དུ་ བོད་ པའི་ རྒྱལ་ དར་ དང་ འབོད་ ཚིག་ སྣ་ ཚོགས་ འཁྲོད་ པའི་ འཕྲད་ དར་ འཕྱར་ ནས་ ངོ་ རྒོལ་ སྐད་ འབོད་ ཤུགས་ ཆེན་ བྱས་ ཡོད་ པ་ དང་ ། གཞན། བོད་ པའི་ སློབ་ ཕྲུག་ སྐོར་ ཞིག་ གིས་ རྒྱ་ ནག་ གཞུང་ ཚབ་ ཉེ་ འཁོར་ དུ་ ངོ་ རྒོལ་ སྐད་ འབོད་ བྱས་ སྐབས་ རྒྱ་ གར་ ཉེན་ རྟོག་ པས་ འཛིན་ བཟུང་ བྱས་ ཡོད་ འདུག སྐབས་ དེར་ རྒྱ་ གར་ གྱི་ གསར་ འགོད་ པ་ མང་ པོ་ འབྱོར་ ཏེ་ བོད་ མི་ ཚོས་ ངོ་ རྒོལ་ བྱེད་ བཞིན་ པའི་ གནས་ ཚུལ་ ཁྱབ་ སྤེལ་ ཆེན་ པོ་ བྱས་ ཡོད་ འདུག
ཕྱི་ དྲོའི་ ཆུ་ ཚོད་ ༥ ཡོལ་ ཙམ་ ལ་ གྷན་ དྷི་ སཱ་ བྷར་ མཱ་ ཌི་ (Sabarmati Ashram)ཞེས་ པར་ ཕེབས་ ཏེ། རྒྱ་ ནག་ གིས་ རྒྱ་ གར་ ལ་ ཨ་ སྒོར་ ཐེར་ འབུམ་ ༥ ཡི་ མ་ རྩ་ བཙུགས་ ཏེ། རྒྱ་ གར་ གྲོང་ ཁྱེར་ པུ་ ནེ་ དང་ ཨ་ མེ་ ཌ་ བྷ་ ཌ་ ནང་ ཁེ་ ལས་ གསར་ འཛུགས་ དང་ ། རྒྱ་ ནག་ གིས་ པ་ ཀི་ སི་ ཐན་ ལ་ དམག་ དོན་ རོགས་ རམ་ བྱེད་ བཞིན་ ཡོད་ པའི་ སྐོར། རྒྱ་ གར་ སྲིད་ འཛིན་ ཝེ་ ཋི་ ནམ་ ལ་ གཟིགས་ སྐོར་ བྱ་ འཆར་ ཡོད་ པ། ས་ མཚམས་ རྩོད་ རྙོག་ དང་ བོད་ དོན་ བཅས་ ཀྱི་ སྐོར་ ལ་ གྲོས་ མོལ་ གནང་ རྒྱུ་ ཡིན་ འདུག
རྒྱ་
དེ་ རིང་ ཕྱི་ དྲོའི་ ཆུ་ ཚོད་ ༧།༣༠ ཐོག་ རྒྱལ་ ཁབ་ གཉིས་ ཀྱི་ དབུ་ ཁྲིད་ རྣམ་ གཉིས་ ཨ་ མེ་ ཌ་ བྷ་ ཌ་ ནས་ ལྡི་ ལིར་ ཕེབས་ རྒྱུ་ ཡིན་ པ་ དང་ ། སང་ ཉིན་ ཕྱི་ དྲོའི་ ཆུ་ ཚོད་ ༤།༣༠ ཐོག་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ གྱིས་ རྒྱ་ གར་ སྲིད་ འཛིན་ པར་ ནཱབ་ མུ་ ཁར་ ཇི་ དང་ ། གྲོས་ ཚོགས་ འོག་ མའི་ ཚོགས་ གཙོ་ ལྕམ་ མཱཔ་ ཧན་ ཇན། རྒྱ་ གར་ ཀོང་ རེ་ སེ་ ཚོགས་ པའི་ ཚོགས་ གཙོ་ ལྕམ་ སོ་ ནེ་ གྷན་ དྷེ་ སོགས་ ལ་ ཐུག་ འཕྲད་ གནང་ རྒྱུ་ ཡིན་ འདུག
དེ་
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། ད་ རེབ་ རྒྱ་ ནག་ སྲིད་ འཛིན་ རྒྱ་ གར་ ནང་ སྐོར་ སྐྱོད་ དང་ འབྲེལ་ ཨ་ སྒོར་ ཐེར་ འབུམ་ ༡༠༠ ལྷག་ གི་ ཚོང་ དོན་ གྲོས་ མཐུན་ ཁག་ ལ་ མིང་ རྟགས་ འགོད་ རྒྱུ་ ཡིན་ ཡང་ ། རྒྱ་ དཀར་ ནག་ བར་ གྱི་ མཚམས་ རྩོད་ རྙོག་ ལ་ གྲུབ་ འབྲས་ གང་ ཡང་ འཐོན་ ཐུབ་ མེད་ སྐོར་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
