རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་གིས་དོན་དམ་གྲོས་མོལ་གྱི་སྒོ་མོ་འབྱེད་རྒྱུར་ཐུགས་རེ།

ཡོ་རོབ་ཁུལ་གྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོགབོད་ཀྱི་དབུ་ཁྲིད་ནས་རྒྱ་ནག་གཞུང་གིས་ཁ་ཞེ་གཉིས་མེད་དང་དོན་དམ་གྱིས་གྲོས་མོལ་གྱི་སྒོ་མོ་འབྱེད་རྒྱུའི་ཐུགས་རེ་གནང་གི་ཡོད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་ཁུལ་གྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས། བོད་ཀྱི་དབུ་ཁྲིད་ནས་རྒྱ་ནག་གཞུང་ལ་
ཁ་ཞེ་གཉིས་མེད་དང་དོན་དམ་གྱིས་གྲོས་མོལ་གྱི་སྒོ་མོ་འབྱེད་རྒྱུར་ཐུགས་རེ་གནང་གི་ཡོད་པའི་སྐོར་གྱི་རྩོམ་ཡིག་བྲིས་གནང་ཡོད་པ་དེ་དེ་རིང་ཡོ་རོབ་གྲོས་ཚོགས་ཀྱི་དུས་དེབ་ཐོག་བཀོད་སྤེལ་བྱས་ཡོད་པ་རེད། ཁོང་གིས་བྲིས་གནང་བའི་རྩོམ་ཡིག་དེའི་ནང་དུ་། ༢༠༡༢ ལོར་ཡོ་རོབ་ཆེས་མཐོའི་སྐུ་ཚབ་ལྕམ་Catherine Ashton མཆོག་གིས་རྒྱ་ནག་གཞུང་ལ། བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་འབྱུང་རྩ་ཇི་ཡིན་རྩད་གཅོད་བྱ་དགོས་པའི་འབོད་སྐུལ་ཞུས་པའི་རྗེས། སླར་ཡང་ཁོང་གིས་བོད་མི་ཚོའི་ཆབ་སྲིད་དང། དཔལ་འབྱོར། རིག་གཞུང་སོགས་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས་པའི་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་བྱ་དགོས་པའི་སྐོར་འབོད་སྐུལ་གནང་བའི་ཉིན་གཉིས་ཀྱི་རྗེས་སུ། ཁོང་གིས། ༢༠༠༨ ལོར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ནས་རྒྱ་ནག་གི་འགོ་ཁྲིད་ལ་བཏོན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཀྱི་ཐོབ་ཐང་སྐོར་གྱི་གྲོས་འཆར་ཁག་ཐོག་ལ་ཡོ་རོབ་གྲོས་ཚོགས་ནས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པའི་གསལ་བསྒྲགས་ཀྱང་གནང་ཡོད་ཅིང་། འོན་ཀྱང་དུས་ཚོད་དེའི་སྐབས་ལ་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་བོད་མིས་ངོ་རྒོལ་བྱས་ཏེ་བོད་མི་༨༦ གྱིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་བྱུང་བའི་ཁར་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་ཕྱིན་ཏེ་བོད་མི་༡༣༠ཡིས་རང་ལུས་མེ་བསྲེགས་བཏང་ཡོད་པ་རེད།
དེ་ལྟ་བུའི་གནས་སྟངས་ཛ་དྲག་བྱུང་བར་བརྟེན་ནས་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་
ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཆེན་པོར་གྱུར་ཏེ་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པའི་བརྒྱུད་སྐུལ་དང་འབོད་སྐུལ་ཞུ་གི་ཡོད་ལ་བོད་ཀྱི་དབུ་ཁྲིད་ཚོས་ཀྱང་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུ་དང་རང་བཙན་རྩོད་ལེན་གནང་གི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་རྩོད་ལེན་གནང་བ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་མི་རིགས་དང།་དེའི་ཐོུང་མ་ཡིན་པའི་རིག་གཞུང། མི་རིགས་ཀྱི་སྐད་ཡིག ཁོར་ཡུག་སོགས་འཚོ་གནས་ཐུབ་ཐབས་ཀྱི་ཆེད་དུ་ཡིན་པ་རེད། ང་ཚོའི་ཐབས་ལམ་ནི་དབུ་མའི་ལམ་གྱི་ཐོག་ནས། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་འཚེ་བ་མེད་པ་དང། གྲོས་མོལ། འགྲིག་འཇགས་ཀྱི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་སོགས་བྲིས་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།