བོད་
ཁ་ སང་ རྒྱ་ ནག་ ཤིན་ ཧྭ་ གསར་ ཁང་ གིས་ གནས་ ཚུལ་ སྤེལ་ ཏེ། བོད་ རང་ སྐྱོང་ ལྗོངས་ ཆབ་ མདོ་ ས་ ཁུལ་ དཔའ་ ཤོད་ རྫོང་ སློབ་ གསོ་ ཁང་ གི་ མགོ་ ཁྲིད་ ཟུར་ པ་ དོན་ ལྡན་ ཟེར་ བ་ ཞིག་ གིས། རྒྱལ་ ཁབ་ ཀྱི་ ཁྲིམས་ དང་ འགལ་ བའི་ ནག་ ཉེས་ ཚབས་ ཆེན་
ཡང་ རྒྱ་ ནག་ སྒྲིག་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གི་ དྲ་ བའི་ ཐོག་ གནས་ ཚུལ་ སྤེལ་ བ་ ལྟར་ ན། བོད་ རང་ སྐྱོང་ ལྗོངས་ བཟོ་ ལས་ ཆ་ འཕྲིན་ ཁང་ གི་ ཁེ་ ལས་ འབྲིང་ ཆུང་ ཚན་ པའི་ མགོ་ ཁྲིད་ ཕེང་ ཀང་ ལིང་ ཟེར་ བ་ ཞིག་ ལ། ཁྲིམས་ འགལ་ གྱི་ དོགས་ གཞིའི་ འོག་ ཞིབ་ བཤེར་ བཞིན་ ཡོད་ པ་ དང་ ། གཞན་ ཡང་ ། ལྷ་ ས་ གྲོང་ ཁྱེར་ མལ་ གྲོ་ གུང་ དཀར་ རྫོང་ ཐང་ སྐྱ་ གྲོང་ ཚོའི་ མགོ་ ཁྲིད་ ཚུལ་ ཁྲིམས་ དང་ ། ཉིང་ ཁྲི་ ས་ ཁུལ་ ཉིང་ ཁྲི་ རྫོང་ ཞིང་ ལས་ སྡེ་ བའི་ མགོ་ ཁྲིད་ གཞོན་ པ་ ཆུང་ བདག་ ཚེ་ རིང་ ། དེ་ བཞིན། གཞིས་ ཀ་ རྩེ་ གྲོང་ ཁྱེར་ (jiang luo)དགོན་ པ་ དོ་ དམ་ ཁང་ གི་ འགན་ འཛིན་ ཆུང་ བདག་ དང་ ། ནག་ ཆུ་ རྫོང་ གི་ ལྷ་ སར་ བཅའ་ སྡོད་ དོན་ གཅོད་ ཁང་ གི་ འགན་ འཛིན་ ཉི་ མ་ ཚེ་ རིང་ བཅས་ ལ་ ཁྲིམས་ འགལ་ གྱི་ ནག་ ཉེས་ འོག ཏང་ ནང་ ནས་ ཕྱིར་ འབུད་ གཏོང་ བའི་ ཉེན་ བརྡ་ བཏང་ ཡོད་ པ་ མ་ ཟད། ཉིང་ ཁྲི་ ས་ ཁུལ་ རྫ་ ཡུལ་ རྫོང་ ཞིང་ ཕྱུག་ སྡེ་ བའི་ ཚན་ རྩལ་ ཁང་ གི་ མགོ་ ཁྲིད་ ཟླ་ བ་ དོན་ འགྲུབ་ དང་ ། ནག་ ཆུ་ རྫོང་ ཤང་ མོ་ (xiang mao)གྲོང་ ཚོའི་ མགོ་ ཁྲིད་ གཞོན་ པ་ བཀྲ་ ཤིས་ དོན་ འགྲུབ། སི་ ཁྲོན་ རྔ་ བ་ ཁུལ་ འབར་ ཁམས་ རྫོང་ ཕྱུག་ སྨན་ ཁང་ གི་ སེམས་ ཅན་ འཕྲོད་ བསྟེན་ ལྟ་ ཞིབ་ ཁང་ གི་ ལས་ བྱེད་ བློ་ བརྟན་ བཅས། ཁྲིམས་ འགལ་ གྱི་ ཉེས་ མིང་ འོག་ ལས་ གནས་ ནས་ ཕྱིར་ འབུད་ བཏང་ ཡོད་ འདུག
འདི་ གའི་ གསར་ འགོད་ པས་ ཨ་ རིའི་ སྐུ་ ཚབ་ དོན་ གཅོད་ ཁང་ གི་ རྒྱ་ རིགས་ འབྲེལ་ མཐུད་ པ་ ཀུན་ དགའ་ བཀྲ་ ཤིས་ ལགས་ སུ། བོད་ ཁུལ་ གྱི་ ལྐོག་ ཟ་ རུལ་ སུངས་ རྒོལ་ རྡུང་ ཐད་ ཡིག་ ཐོག་ ནས་ དགོངས་ ཚུལ་ དྲིས་ པར། རྒྱ་ ནག་ གི་ ལྐོག་ ཟའི་ སྐོར་ གླེང་ སྐབས། ཁ་ ཤས་ ཀྱིས་ ཞི་ ཅིན་ ཕིན་ གྱིས་ ལྐོག་ ཟ་ རུལ་ སུངས་ ཀྱི་ སྣང་ ཚུལ་ ལ་ རྡུང་ རྡེག་ གཏོང་ རྒྱུ་ དེ་ ནི། དབང་ ཆ་ འཐབ་ རྩོད་ ཀྱི་ ཆེད་ དུ་ ཡིན་ འདྲའི་ དཔྱད་ བརྗོད་ བྱེད་ ཀྱི་ ཡོད་ པ་ འདི་ ལ་ ང་ རང་ མོས་ མཐུན་ མེད། ལྐོག་ ཟའི་ གནད་ དོན་ མེད་ པ་ བཟོ་ མ་ ཐུབ་ པ་ ཡིན་ ན། རྒྱ་ ནག་ དམར་ ཤོག་ གནས་ ཐབས་ མེད་ པས་ ཞི་ ཅིན་ ཕིན་ གྱིས་ ལྐོག་ ཟ་ རུལ་ སུངས་ ལ་ རྡུང་ རྡེག་ མ་ གཏོང་ ཀ་ མེད་ ཆགས་ ཡོད། འོན་ ཀྱང་ ། ད་ ལྟའི་ དཀའ་ ངལ་ ནི་ ལྐོག་ ཟ་ རུལ་ སུངས་ ལ་ རྡུང་ རྡེག་ གཏོང་ སྟངས་ ཀྱི་ འབྲེལ་ ཡོད་ ཁྲིམས་ སྒྲིག་ མེད་ པ་ འདི། ཞི་ ཅིན་ ཕིན་ ལ་ འཕྲད་ པའི་ དཀའ་ ངལ་ ཆེ་ ཤོས་ ཤིག་ ཡིན་ སྟབས། རིམ་ བཞིན་ ཁྲིམས་ སྒྲིག་ གཏན་ འབེབས་ དང་ ། ལྷག་ པར་ དུ་ དཔོན་ རིགས་ ཀྱི་ རྒྱུ་ ནོར་ གཞུང་ ལ་ ཕྱི་ གསལ་ ནང་ གསལ་ གྱི་ ལམ་ ལུགས་ ཞིག་ བསྐྲུན་ རྒྱུ་ དེ་ ལྐོག་ ཟ་ གཙང་ སེལ་ ཐུབ་ མིན་ གྱི་ འགག་ རྩ་ རེད། སྤྱིར་ བཏང་ མི་ ཚོས་ བོད་ ནང་ གི་ ལྐོག་ ཟའི་ དངུལ་ དང་ རྒྱུ་ ནོར་ གྱི་ རིན་ འབབ་ དེ་ རྒྱ་ ནག་ དང་ བསྡུར་ ན་ གྲངས་ འབོར་ ཆེན་ པོ་ མ་ རེད། ཡིན་ ན་ ཡང་ རྒྱ་ ནག་ ནང་ ལྐོག་ ཟ་ གཙང་ སེལ་ གྱི་ ཚ་ རླབས་ ཤིག་ འཕྱུར་ བའི་ སྐབས་ དེར། བོད་ ནང་ དུའང་ དེའི་ ཤུགས་ རྐྱེན་ བསླེབ་ རྒྱུ་ གདོན་ མི་ བཟའ་ བས། ལྐོག་ ཟ་ བྱེད་ པའི་ ཆ་ རྐྱེན་ ཡོད་ མཁན་ བོད་ རིགས་ ལས་ བྱེད་ པ་ ཚོས་ ཐུགས་ གཟབ་ གནང་ རྒྱུ་ གལ་ ཆེན་ པོ་ རེད། ལྐོག་ ཟ་ ནི་ མི་ རུང་ བའི་ བྱ་ བ་ ཞིག་ དང་ ། ལྷག་ པར་ དུ་ བོད་ ཀྱི་ རིག་ གཞུང་ གི་ ཆ་ ནས་ བཤད་ ཀྱང་ ། དེ་ ནི་ བཟང་ སྤྱོད་ དང་ འགལ་ བ་ ཞིག་ ཡིན་ སྟབས། མ་ འོངས་ པར་ བོད་ རིགས་ ལྐོག་ ཟ་ བྱེད་ མཁན་ ཚོས་ མཚམས་ འཇོག་ བྱེད་ རྒྱུ་ དང་ ། ལྐོག་ ཟ་ མི་ བྱེད་ མཁན་ ཚོས་ རང་ ཉིད་ ལྐོག་ ཟའི་ ནང་ མི་ ཚུད་ པ་ བྱེད་ རྒྱུ་ ནི་ ཧ་ ཅང་ གལ་ ཆེན་ པོ་ རེད་ བསམ་ གྱི་ ཡོད། ཅེས་ བརྗོད་ སོང་ །
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ན་བནས།།
