རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དགེ་རྒན་ཚོའི་ཟླ་ཕོག་སྤར་རྒྱུར་ཐབས་ཤེས་གནང་གི་ཡིན།

2014_9_23དེ་རིང་གྲོས་ཚོགས་ནང་ཤེས་རིག་གི་ལས་བསྡོམས་ཐོག་བགྲོ་གླེང་སྐབས། དགེ་རྒན་གྱིས་སློབ་མ་སྐྱོང་སྟངས་དང་། དགེ་རྒན་ཚོའི་ཟླ་ཕོག་སྤར་ཕྱོགས། སྐད་ཡིག་བསྲེ་ལྷད་མི་ཡོང་ཐབས། མཐོ་སློབ་སློབ་ཡོན་སྤྲོད་ཕྱོགས། གཏན་སློབ་ཁག་རྩིས་ལེན་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཏེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༩ པའི་ཞོགས་པར། གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། སློབ་གྲྭ་ཁག་གི་ནང་དགེ་རྒན་ཚོས་སློབ་ཕྲུག་ལ་ཉེས་རྡུང་གཏོང་ཆོག་གི་ཡོད་མེད་སྐོར་ནས། ཤེས་རིག་བཀའ་བློན་གྱིས་སྤྱི་འཐུས་ཚོའི་དྲི་བར་ལན་འདེབས་དང་གསལ་བཤད་གནང་དོན། སློབ་ཕྲུག་ཚོར་ཉེས་རྡུང་གཏོང་ཆོག་གི་ཡོད་མ་རེད། ཁ་སང་ཡང་ཞུས་པ་ལྟར་རེད། རྒྱལ་སྤྱིའི་ཁྲིམས་རེད། ང་ཚོའི་བཅའ་ཁྲིམས་ནང་དུ་ཡང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པར་འགྲོ་ཡི་ཡིན་ཟེར་ནས་ཡོད་རེད། དེར་བརྟེན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། ཕྲུ་གུའི་ཐོབ་ཐང་སོགས་ཀྱི་ཡིག་ཆའི་ནང་བལྟས་ན་ཕྲུ་གུར་ཉེས་རྡུང་གཏོང་ཆོག་གི་ཡོད་མ་རེད། གནས་ཡུལ་རྒྱ་གར་གྱི་ཁྲིམས་ཀྱི་ནང་དུ་ཡང་ཡོད་རེད། ང་རང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་དེ་ལྟར་ཐག་གཅོད་བྱས་ཡོད་རེད། ཕྲུ་གུར་ཉེས་རྡུང་གཏོང་མི་དགོས་པར་གཉོར་སྐྱོང་དང་། སློབ་སྦྱོང་སྤྲོད་ཐུབ་མཁན་གྱི་དགེ་རྒན་ག་ཚོད་ཡོད་རེད་ཟེར་བ་དེ་རེད། དེ་དངོས་གནས་ཏོག་ཙམ་ཁག་པོ་འདུག ཡིན་ན་ཡང་གནད་དོན་དེའི་ཐོག་སྔོན་མ་རྒྱ་གར་གྱི་ཁྲིམས་རྩོད་པ་ཞིག་དང་། ང་ཚོའི་མདུན་ལམ་སློབ་སྟོན་པ་ཁ་ཤས་ཤིག་སློབ་གྲྭ་ཁག་ཅིག་གི་ནང་ལམ་སྟོན་གནང་སར་སོང་བ་རེད། དེ་བཞིན་ལོ་སྔོན་མར་ཤེས་རིག་ཚོགས་ཆེན་ཐེངས་༦ པའི་སྟེང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས། ནང་ཆོས་དང་འབྲེལ་བའི་ཕྲུ་གུ་སྐྱོང་སྟངས་དང་བྱམས་སྐྱོང་གནང་སྟངས་དེ་ཚོའི་སྐོར་ལ་བཀའ་འདྲི་དང་ལམ་སྟོན་ཞུས་པ་རེད། དེ་ཚོའི་ཐོག་ང་ཚོས་འབད་བརྩོན་ཡང་ཡང་བྱེད་ཀྱི་ཡོད་ཅེས་གསུངས་སོང་།
2014_9_22_1དེ་བཞིན་སྤྱི་འཐུས་ཚོས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཟླ་ཕོག་སྤར་དགོས་སྐོར་གྱི་དྲི་བ་དང་བསམ་ཚུལ་བཏོན་པའི་ལན་དུ། ཤེས་རིག་བཀའ་བློན་གྱིས་ལན་འདེབས་དང་གསལ་བཤད་གནང་དོན། དཔེ་སྟོན་སློབ་གྲྭར་མཚོན་ན། སློབ་སྤྱི་གོ་རིམ་དང་པོ་དེར་ཟླ་ཕོག་ཉིས་ཁྲི་གཅིག་སྟོང་སུམ་བརྒྱ་སུམ་ཅུ་སོ་དགུ་དང་། གོ་རིམ་གཉིས་པ་དེར་སྟོང་ཕྲག་ཉི་ཤུ་དང་ཉིས་བརྒྱ་བདུན་ཅུ་དོན་གཉིས། དེ་བཞིན་མཐོ་རིམ་སློབ་གྲྭའི་དགེ་རྒན་ལ་སྟོང་ཕྲག་བཅུ་དགུ་དང་ཉིས་བརྒྱ་བཅུ་མེད་ལྔ། འབྲིང་རིམ་སློབ་གྲྭའི་དགེ་རྒན་ཚོར་སྟོང་ཕྲག་བཅུ་བདུན་དང་ཉིས་བརྒྱ་བརྒྱད་ཅུ་གྱ་ལྔ། གཞི་རིམ་འོག་མའི་དགེ་རྒན་ཚོར་སྟོང་ཕྲག་བཅུ་བདུན་དང་ཉིས་བརྒྱ་བརྒྱད་ཅུ་གྱ་ལྔ་དང་། ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་ལྟར། འབྲིང་རིམ་དང་གཞི་རིམ་འོག་མ་གཉིས་ཀྱི་དགེ་རྒན་ཚོའི་ཟླ་ཕོག་གཅིག་པ་ཆགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ད་དུང་མུ་མཐུད་དུ་དགེ་རྒན་ཚོའི་ཟླ་ཕོག་སྤར་རྒྱུར་ཐབས་ཤེས་གནང་གི་ཡིན་སྐོར་སོགས་གསུངས་སོང་། བང་ཆེན་དྲ་བ་ནས།