རྒྱ་
དབྱིན་ ཇིའི་ བྷེ་ བྷེ་ སེ་ གསར་ ཁང་ གིས་ ད་ ལྟ་ རང་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ནག་ གཞུང་ གིས་ ཤིན་ ཅང་ ཡུ་ གུར་ རིགས་ རང་ སྐྱོང་ ལྗོངས་ ཝུ་ རུ་ མུ་ ཆི་ འབྲིང་ རིམ་ མི་
དམངས་ཁྲིམས་ ཁང་ གིས། ཚེས་ ༡༧ དང་ ༡༨ བཅས་ ཉིན་ གཉིས་ རིང་ ཀྲུང་ དབྱང་ མི་ རིགས་ སློབ་ ཆེན་ གྱི་ ཡུ་ གུར་ བའི་ དགེ་ རྒན་ ཆེན་ མོ་ ཡེ་ ལེ་ ཧ་ མུའུ་ ལགས་ (Ilham Tohti) ལ་ འདྲི་ གཅོད་ ཁྲིམས་ བཤེར་ བྱས་ རྗེས། ཁོང་ ལ་ རྒྱལ་ ཁབ་ ཁ་ བྲལ་ གྱི་ ཉེས་ མིང་ འོག་ ཚེ་ བཙོན་ གྱི་ ཁྲིམས་ ཐག་ བཅད་ ཡོད་ པར་ མ་ ཟད། ཁོ་ རང་ སྒེར་ གྱི་ རྒྱུ་ ནོར་ མཐའ་ དག་ གཞུང་ བཞེས་ བཏང་ ཡོད་ ཚུལ་ བསྒྲགས་ འདུག
དེ་ རིང་ ཚེས་ ༢༣ ཉིན་ ཡེ་ ལེ་ ཧ་ མུའུ་ ཡི་ རྒྱ་ རིགས་ ཁྲིམས་ རྩོད་ པ་ ལེའུ་ ཞོ་ ཡན་ གྱིས་ སྐད་ འཕྲིན་ བརྒྱུད་ གནས་ ཚུལ་ བརྒྱུད་ བསྒྲགས་ བྱས་ པའི་ ནང། སྔ་ དྲོའི་ ཆུ་ ཚོད་ ༣།༠༠ རིང་ ཁྲིམས་ ཆད་ ཁྱབ་ བསྒྲགས་ ཀྱི་ ཁྲིམས་ ར་ ཚོགས་ སྐབས་ ཡེ་ ལེ་ ཧ་ མུའུ་ ཡིས་ ཁྲིམས་ ཆད་ ལ་ ངོས་ ལེན་ མེད་ ཅེས་ ཚིག་ གཅིག་ མ་ གཏོགས་ བཤད་ མེད་ པ་ དང་ ། དེའི་ རྗེས་ ཉེན་ རྟོག་ པས་ བཙན་ གྱིས་ ཁྲིམས་ རའི་ ཕྱི་ ཕྱོགས་ སུ་ འཁྲིད་ ཡོད་ སྐོར་ བཀོད་ འདུག
རང་ ལོ་ ༤༤ ཡིན་ པའི་ ཡེ་ ལེ་ ཧ་ མུའུ་ ལགས་ ནི། ༡༩༦༩ ལོར་ ཤིན་ ཅང་ ཨ་ ཐུའུ་ ཧྲི་ རུ་ སྐྱེས་ བ་ དང་ ། ས་ གནས་ སློབ་ གྲྭ་ ཆུང་ འབྲིང་ ཁག་ འགྲིམས་ རྗེས་ རྒྱ་ ནག་ ཏུང་ པེ་ དགེ་ ཐོན་ སློབ་ ཆེན་ དུ་ ཉེ་ བའི་ གཙུག་ ལག་ རབ་ འབྱམས་ པ་ དང་ ། ཀྲུང་ དབྱང་ མི་< རིགས་ སློབ་ ཆེན་ དུ་ གཙུག་ ལག་ རབ་ འབྱམས་ པ་ སློབ་ ཐོན་ གནང་ ཡོད་ པ་ དང་ ། ཕྱིས་ སུ་ ཀྲུང་ དབྱང་ མི་ རིགས་ སློབ་ ཆེན་ གྱི་ དགེ་ རྒན་ ཆེན་ མོའི་ ཕྱག་ ལས་ གནང་ ཡོད་ འདུག་ ལ། ཁོང་ རྒྱ་ ནག་ གི་ དམར་ ཤོག་ ཏང་ གི་ ཐོབ་ ཐང་ ཡོད་ མཁན་ གྱི་ མི་ སྣ་ ཞིག་ ཡིན་ འདུག ༢༠༠༦ ལོར་ ཁོང་ གིས་ ཡུ་ གུར་ རིགས་ ཀྱི་ དྲ་ རྒྱ་ གསར་ འཛུགས་ ཀྱིས། ཡུ་ གུར་ བའི་ འགྲོ་ བ་ མིའི་ ཐོབ་ ཐང་ དང་ སྨྲ་ བརྗོད་ རང་ དབང་ སྲུང་ སྐྱོབ་ སྐོར་ གྱི་ རྩོམ་ ཡིག་ མང་ པོ་ སྤེལ་ ཡོད་ པ་ དང་ ། སྤོབས་ པ་ ཆེན་ པོས་ པེ་ ཅིན་ གཞུང་ གིས་ ཤིན་ ཅང་ ཡུ་ གུར་ རིགས་ རང་ སྐྱོང་ ལྗོངས་ སུ་ དྲག་ གནོན་ གྱི་ སྲིད་ ཇུས་ ལག་ བསྟར་ དང་ ལྟ་ སྲུང་ སོགས་ བྱས་ ཏེ་ མི་ མང་ ལ་ སུན་ གཙེར་ བཟོ་ བཞིན་ པའི་ གནས་ སྟངས་ སོགས་ གསལ་ འདོན་ བྱས་ ཡོད་ འདུག
ཁོང་ གི་ དྲ་ རྒྱའི་ ནང་ ཡུ་ གུར་ མི་ རིགས་ ཀྱི་ དཀའ་ ངལ་ དང་ འབྲེལ་ བའི་ གནས་ ཚུལ་ རིགས་ བཀོད་ པ་ ལ་ བརྟེན་ ནས། རྒྱ་ གཞུང་ གིས་ ཁོང་ ལ་ ཐེངས་ མང་ པོར་ འཇིགས་ སྐུལ་ ཉེན་ བརྡ་ དང་ བཀག་ ཉར་ སོགས་ བྱས་ ཡོད་ པར་ མ་ ཟད། འདི་ ལོའི་ ཕྱི་ ཟླ་ ༡ ནང་ རྒྱ་ གཞུང་ གིས་ ཡེ་ ལེ་ ཧ་ མུའུ་ ལགས་ པེ་ ཅིན་ དུ་ ཡོད་ པའི་ ཁོང་ གི་ སྡོད་ ཁྱིམ་ ནས་ འཛིན་ བཟུང་ བཙན་ འཁྲིད་ བྱས་ པ་ དང་ ། ཟླ་ ༧ པའི་ ཟླ་ མཇུག་ ཝུའུ་ རུ་ མུའུ་ ཆི་ ཞིབ་ དཔྱོད་ ཁང་ ལ་ ཞུ་ སྦྱོར་ སོགས་ བྱས་ ཏེ་ བཀག་ ཉར་ འདྲི་ གཅོད་ སོགས་ བྱས་ ཡོད་ འདུག ད་ ལྟའི་ བར་ ཨ་ རི་ དང་ ཡུ་ རོབ་ རྒྱལ་ ཁབ་ ཁག་ དང་ ། གཞུང་ འབྲེལ་ མིན་ པའི་ ཚོགས་ པ་ ཁག་ བཅས་ ནས་ རྒྱ་ ནག་ གཞུང་ ལ་ ཁོང་ ཀློད་ གྲོལ་ གཏོང་ རྒྱུའི་ རེ་ སྐུལ་ དང་ བརྡ་ ལན་ ཐེངས་ མང་ སྤྲད་ ཡོད་ ཀྱང་ ། རྒྱ་ ནག་ ཕྱི་ འབྲེལ་ ཚན་ པས་ ཡེ་ ལེ་ ཧ་ མུའུ་ ཡིས་ རྒྱལ་ ཁབ་ ཀྱི་ ཁྲིམས་ དང་ འགལ་ བའི་ ལས་ དོན་ བསྒྲུབས་ ཡོད་ པའི་ ནག་ ཉེས་ བགྲངས་ ཡོད་ པར་ མ་ ཟད། ཨ་ རི་ གཙོས་ པའི་ ཕྱིའི་ རྒྱལ་ ཁབ་ ཁག་ གིས་ གནད་ དོན་ དེའི་ ཐད་ གླེང་ སླེང་ བྱས་ པ་ དེ་ རྒྱལ་ ཁབ་ ཀྱི་ བདག་ དབང་ ལ་ ཐེ་ བྱུས་ བྱས་ པ་ ཞིག་ ཡིན་ པའི་ བསྒྲགས་ གཏམ་ རིམ་ པ་ སྤེལ་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།།
