རྒྱ་
ཟླ་ འདིའི་ ཚེས་ ༢༡ ཉིན་ རྒྱ་ ནག་ སྲིད་ འཛིན་ ཞི་ ཅིན་ ཕིན་ དང་ རྒྱ་ ནག་ བཅིངས་
འདིའི་ ཐད་ ཞི་ ཅིན་ ཕིན་ གྱིས། "བཅིངས་ འགྲོལ་ དམག་ མིའི་ སྤྱི་ ཁྱབ་ ལས་ ཁུངས་ ཀྱིས་ རྒྱ་ ནག་ དམར་ ཤོག་ ཚོགས་ པར་ ཡིད་ ཆེས་ བརྟན་ པོ་ འཆང་ སྟེ། རྒྱ་ ནག་ གི་ མགོ་ ཁྲིད་ ཚོས་ ལམ་ སྟོན་ གང་ བྱས་ པ་ དག་ མཐའ་ གཅིག་ ཏུ་ ལག་ བསྟར་ བྱེད་ དགོས་ པ་ ཙམ་ མ་ ཟད། ད་ ལྟའི་ བརྡ་ འཕྲིན་ ཚན་ རྩལ་ གྱི་ དུས་ རབས་ དང་ མཐུན་ པའི་ དམག་ འཐབ་ ཀྱི་ ནུས་ སྟོབས་ ཡར་ རྒྱས་ བཏང་ སྟེ། ཡོང་ ཉེན་ ཡོད་ པའི་ མངའ་ ཁུལ་ གྱི་ དམག་ འཐབ་ ལ་ གྲ་ སྒྲིག་ བྱས་ ཏེ་ རྒྱལ་ ཁ་ ཐོབ་ ཐབས་ བྱ་ དགོས" ཞེས་ སོགས་ བརྗོད་ འདུག
རྒྱ་ ནག་ བདེ་ སྲུང་ ལྷན་ ཁང་ གིས། "བཅིངས་ འགྲོལ་ དམག་ མིའི་ དམག་ དཔུང་ ཁག་ གིས་ སྲིད་ འཛིན་ ཞི་ ཅིན་ ཕིན་ དང་ རྒྱ་ ནག་ དམར་ ཤོག་ ཚོགས་ པའི་ ལམ་ སྟོན་ ལྟར། མ་ འོངས་ པར་ དམིགས་ ཡུལ་ དང་ ཐབས་ བྱུས་ གསར་ པ་ ཞིག་ གི་ ཐོག་ བསྐྱོད་ ཐུབ་ པ་ བྱ་ དགོས། ཉེ་ ལམ་ སྲིད་ འཛིན་ ཞི་ ཅིན་ ཕིན་ གྱིས་ རྒྱ་ ནག་ བཅིངས་ འགྲོལ་ དམག་ མིས་ མངའ་ ཁུལ་ གྱི་ དམག་ འཐབ་ ལ་ གྲ་ སྒྲིག་ བྱ་ དགོས་ ཞེས་ བརྗོད་ པ་ དེ་ ནི་ གནས་ ཚུལ་ གསར་ པ་ གང་ ཡང་ ཆགས་ མེད་ ཀྱང་ ། དེ་ གལ་ འགངས་ ཆེན་ པོ་ ཞིག་ ཡིན་ སྟབས་ དམག་ སྤྱི་ རྣམ་ པས་ བསམ་ གཞིགས་ བྱས་ ཏེ་ ཐག་ གཅོད་ བྱེད་ དགོས" ཞེས་ བརྗོད་ འདུག
ཁ་ སང་ རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པ་ ཧཱ་ ཁྲོན་ ཡེན་ གྱིས། "སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ གར་ ནང་ རྒྱལ་ དོན་ སྐོར་ སྐྱོད་ བྱས་ པ་ དེས། ཁྱིམ་ མཚེས་ རྒྱལ་ ཁབ་ གཉིས་ ཀྱི་ དོགས་ པ་ རྣམ་ རྟོག་ མང་ པོ་ ཞིག་ སེལ་ ཏེ། འབྲེལ་ ལམ་ གསར་ པ་ ཞིག་ གི་ ཐོག་ བསྐྱོད་ ཐུབ་ པ་ བྱུང་ ཡོད་ སྟབས། ད་ ལྟ་ རྒྱལ་ ཁབ་ གཉིས་ ཀྱི་ ས་ མཚམས་ ཁུལ་ དུ་ དཀའ་ ངལ་ དག་ ལ་ གྲོས་ མོལ་ བརྒྱུད་ སེལ་ ཐབས་ བྱ་ རྒྱུ་ ཡིན་ ཡང་ ། རྒྱ་ ནག་ གི་ དམག་ སྤྱི་ རྣམ་ པས་ རྒྱལ་ སྤྱི་ རྒྱལ་ ནང་ གི་ བདེ་ འཇགས་ སྲུང་ སྐྱོབ་ གནས་ སྟངས་ དང་ དམག་ དོན་ ཐད་ འགྱུར་ ལྡོག་ གང་ ཕྱིན་ པ་ དག་ ལ་ ཤེས་ རྟོགས་ ཐུབ་ རྒྱུ་ གལ་ ཆེན་ པོ་ ཆགས་ ཡོད" ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༢༡ ཉིན་ རྒྱ་ ནག་ མཐའ་ སྲུང་ དམག་ མི་ ༥༠ ལྷག་ གིས་ རྒྱ་ གར་ ལ་ དྭགས་ ཆུ་ དམར་ (Chumar) ཁུལ་ དུ་ སིམ་ འཛུལ་ གྱིས་ སྡོད་ གུར་ ༧ བརྒྱབ་ ཏེ་ རྒྱ་ གར་ གཞུང་ ལ་ འཇིགས་ སྐུལ་ བྱས་ ཡོད་ སྟབས། ཁ་ སང་ རྒྱ་ གར་ གཞུང་ གིས་ བདུན་ ཕྲག་ འདིའི་ ནང་ རྒྱ་ ནག་ གི་ གསར་ ཤོག་ དང་ དུས་ དེབ་ ཁག་ གི་ རྩོམ་ སྒྲིག་ པ་ ཁག་ ཅིག་ རྒྱ་ གར་ ནང་ ཡོང་ འཆར་ ཡོད་ པ་ ཕྱིར་ འཐེན་ བྱས་ ཡོད་ འདུག
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། སྲིད་ འཛིན་ ཞི་ ཅིན་ ཕིན་ གྱིས་ རྒྱ་ ནག་ གི་ དམག་ སྤྱི་ ཚོར་ མངའ་ ཁུལ་ གྱི་ དམག་ འཐབ་ ལ་ གྲ་ སྒྲིག་ བྱ་ དགོས་ པའི་ ཕྱིར་ བསྒྲགས་ བྱས་ པ་ དེས། རྒྱ་ གར་ གཙོས་ ཨེ་ ཤ་ ཡ་ དང་ རྒྱལ་ སྤྱིའི་ སྒྲིག་ འཛུགས་ ཁག་ ལ་ ཕོག་ ཐུག་ ཆེན་ པོ་ བཏང་ ཡོད་ པའི་ ཚོད་ དཔག་ བྱེད་ བཞིན་ ཡོད་ འདུག
ÃÂ གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
