རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྡ་ས་མེག་གྷན་གྱི་སྲང་ལམ་བསྐྱར་བཟོའི་ལས་གཞི་འགོ་འཛུགས།

10708152_832222336817718_193929321_nརྡ་ས་མེག་གྷན་གྱི་སྲང་ལམ་དེ་རྒྱལ་སྤྱིའི་ཚད་ལྡན་གྱི་འགྲོ་ལམ་ལྟར་བཟོ་སྐྲུན་བྱེད་བཞིན་འདུག                  དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་ཡོད་པའི་ཡཱོལ་(Yol) ཞེས་པའི་གྲོང་སྡེའི་ལམ་བཟོ་ཚོང་ལས་ཁང་གིས་ཨར་ལས་
འཆར་བཀོད་འོག རྡ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འགྲོ་ལམ་གོང་མ་ནས་འགོ་བཙུགས་ཏེ། འགྲོ་ལམ་བཟོ་བསྐྲུན་གྱི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་། འགྲོ་ལམ་བཟོ་བསྐྲུན་གྱི་རྒྱུ་ཆ་རྡོ་རིགས་རྩེ་ཕུད་ཧོ་ལེཊ་(Holland stone) ཞེས་པ་དེ་བེད་སྤྱོད་བྱེད་ཀྱི་ཡོད་འདུག སྤྱིར་རྡོ་འདི་འགྲོ་ལམ་བཟོ་སྐབས་སྒྲིག་བདེ་པོ་དང་། སྐྱོན་ཆག་བྱུང་ཡང་བཟོ་བཅོས་རྒྱག་སླ་བོ། འགྲོ་ལམ་བཟོས་ཚར་པའི་རྗེས་ཡུན་རིང་བརྟན་པོ་གནས་ཐུབ་པའི་ཁྱད་ཆོས་སོགས་ཡོད་པ་ཞིག་ཡིན་འདུག། དེ་བཞིན་ལས་འཆར་འདི་གཟའ་འཁོར་གཅིག་ཡན་མན་གྱི་དུས་ཚོད་ནང་ཚར་གྱི་ཡོད་སྐོར་ལམ་བཟོ་བགས་མ་ལེན་མཁན་གྱི་རྒྱ་གར་བ་ཀུ་མར་(Kumar) གྱིས་བརྗོད་འདུག
དེ་དང་མཉམ་དུ་ཀུ་མར་གྱིས་བརྗོད་པ་ལྟར་ན། ལས་འཆར་དེའི་ཐོག་རྒྱ་གར་གྱི་གྲོང་ཁྱེར་གོང་སྤེལ་བློན་ཆེན་སུ་ཊིར་ཤར་མ་ (SudhirSharma) ཡིས་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། འགྲོ་ལམ་བསྐྱར་བཟོ་གྱི་ལས་འཆར་འདིར་འགྲོ་སོང་ཁྱོན་ཨ་སྒོར་ས་ཡ་༡.༣ ནས་༡.༥ བར་གཏོང་ཡོད་འདུག་ལ། ད་དུང་ཁོང་གིས་ས་གནས་ཡུལ་མི་རྣམས་ཀྱིས་བཟོ་སྐྲུན་འགྲོ་བཞིན་པའི་སྐབས། ཨར་ལས་བྱེད་སའི་སྲང་ལམ་བེད་སྤྱོད་མི་གཏོང་པའི་མཉམ་ལས་དགོས་པའི་རེ་སྐུལ་ཡང་བྱས་འདུག
སྤྱིར་རྡ་ས་མེག་གྷན་ཁྲོམ་གཞུང་གཡས་གཡོན་གྱི་འགྲོ་ལམ་མི་བདེ་བ་དང་སྲང་ལམ་གུ་དོག་པའི་རྐྱེན་གྱིས་འཕྲུལ་འཁོར་རིགས་དང་མི་ཚོགས་ཀྱི་ཚང་ཁ་ཆེ་བའི་དཀའ་ངལ་ལོ་མང་སྔོན་ནས་ཡོད་མུས་ཡིན་པ་བཞིན། ལོ་མང་རིང་ཞུ་གཏུགས་བྱས་ཡོད་པ་མ་ཟད་གནས་ཚུལ་དེ་དག་རྒྱལ་སྤྱིའི་བརྒྱུད་ལམ་(Wall Street Journal) ཞེས་པ་དེའི་ནང་དུའང་ཐོན་ཡོད་པ་རེད། བང་ཆེན་དྲ་བ་ནས།