དེ་
དེ་ རིང་ སྔ་ དྲོའི་ ཆུ་ ཚོད་ ༡༡། ༤༥ སྟེང་ གངས་ སྐྱིད་ སྤྱི་ འཐུས་ ཚོགས་ ཁང་ དུ་ ། སྐབས་ ༡༥ པའི་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོགས་ ཀྱི་ གྲོས་ ཚོགས་ ཚོགས་ དུས་ ༨ པའི་ ཉིན་ གསུམ་ པར། འོས་ མི་ འདེམས་ སྒྲུག་ ཚོགས་ ཆུང་ གིས་ འོས་ བསྡུ་ ལྷན་ ཁང་ གི་ འོས་
ཐེངས་ འདིའི་ གསང་ བའི་ འོས་ བསྡུ་ ཁྲོད་ འོས་ ཤོག་ སྟོང་ པ་ གཅིག་ དང་ འོས་ ཤོག་ སྟེང་ ཀླད་ ཀོར་ བྲིས་ པ་ གཉིས་ བཅས་ འོས་ ཤོག་ གསུམ་ རྩིས་ མེད་ བཏང་ ཡོད་ འདུག
ཤོ་ ཟུར་ བསོད་ ནམས་ ཆོས་ འཕེལ་ ལགས་ ནི། ༡༩༥༨ ལོའི་ ཟླ་ ༧ ཚེས་ ༦ ཉིན་ དབུས་ གཙང་ ས་ ཁུལ་ དུ་ སྐྱེས་ ཏེ་ བཙན་ བྱོལ་ ནང་ འབྱོར་ ཏེ་ རྡོར་ གླིང་ གཏན་ སློབ་ ནང་ སློབ་ གྲྭ་ ཐོན་ ཡོད་ པ་ དང་ ། ༡༩༧༩ ལོར་ ཅན་ དྷི་ གྷར་ མཐོ་ སློབ་ དུ་ དབྱིན་ ཡིག་ དང་ རྒྱལ་ རབས། དཔལ་ འབྱོར་ བཅས་ ཀྱི་ ཐོག་ སློབ་ མཐར་ ཕྱིན་ རྗེས། ༡༩༨༠ ནས་ ༡༩༨༡ ལོའི་ བར་ རྡོར་ གླིང་ ཁུལ་ གྱི་ ས་ གནས་ གཞོན་ ནུའི་ ཚོགས་ གཞོན་ དང་ རྒྱུན་ ལས། དགེ་ རྒན་ དང་ དེ་ བཞིན། གཞུང་ དང་ གཞུང་ འབྲེལ་ མིན་ པའི་ ཚོགས་ པ་ ཁག་ ནང་ དང་ བླངས་ ཞབས་ ཞུ་ ཞུས་ ཡོད་ པ་ དང་ ། ༡༩༨༢ ལོར་ བོད་ གཞུང་ གི་ སྲི་ ཞུ་ བའི་ དྲུང་ གཞོན་ གནས་ རིམ་ ཐོག་ བསྐོ་ བཞག་ གནང་ ནས་ བཟུང་ བཞུགས་ སྒར་ དྷ་ ས་ བདེ་ དོན་ དང་ བདེ་ སྲུང་ ཡན་ ལག་ གཅིག་ ལྕོགས་ དང་ ། ལྡི་ ལི་ བདེ་ དོན་ དང་ ལྡི་ ལིར་ བོད་ གནས་ བསྐྱར་ ཞིབ་ ཁང་ གི་ རྩིས་ པ་ ཕྱག་ ལས་ བཅས་ གནང་ ཡོད་ ཅིང་ ། ༡༩༨༩ ལོར་ རྒན་ དྲུང་ གནས་ རིམ་ གནས་ སྤོར་ དང་ སྦྲགས། རྡེ་ ར་ རྡུན་ དོན་ འགྲུབ་ གླིང་ ཉེ་ འཁྲིས་ སུ་ གཞིས་ ཆགས་ གསར་ འཛུགས་ ཀྱི་ ལས་ དོན་ དང་ འབྲེལ། འབྲུག་ ནས་ འབྱོར་ མཁན་ བོད་ མི་ ཚོའི་ ས་ གནས་ མགོ་ འཛིན་ གནང་ མྱོང་ ཡོད་ ལ།Â ༡༩༩༣ ནས་ ༢༠༡༠ ལོར་ ཁོང་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ དྲུང་ གཞོན་ ལས་ རོགས་ དང་ དྲུང་ གཞོན། ཟུང་ དྲུང་ ། དྲུང་ འཕར་ ལ་ སོགས་ ཀྱི་ གནས་ རིམ་ བསྐོ་ བཞག་ དང་ སྦྲགས། དྷ་ ས་ ས་ གནས་ མགོ་ འཛིན་ དང་ བོད་ གཞུང་ ཟློས་ གར་ ཚོགས་ པའི་ འགན་ འཛིན་ བཅས་ སོགས་ ཀྱི་ ཕྱག་ ལས་ གང་ མང་ གནང་ རྗེས། ༢༠༡༢ ལོའི་ ཟླ་ ༢ ཚེས་ ༦ ཉིན་ འཕྲོད་ བསྟེན་ ལས་ ཁུངས་ ཀྱི་ དྲུང་ ཆེར་ བསྐོ་ བཞག་ གནང་ ནས་ བཟུང་ ད་ ལྟའི་ བར་ ཕྱག་ ལས་ གནང་ དང་ གནང་ ཡོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།།
