རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཧིན་དུ་དང་ཁ་ཆེའི་བར་ཟིང་འཁྲུག

10719348_838960809477204_700352707_nརྒྱ་གར་གྱི་ཧིན་དུ་དང་ཁ་ཆེའི་བར་ཟིང་འཁྲུག་བྱུང་སྟེ་ཡུལ་མི་༤༠ ཙམ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང། ས་གནས་དེར་ལག་ཁྱེར་ཁ་པར་གྱི་དྲ་བ་དང་། སྡེབ་གཏོང་འཕྲིན་ཐུང་གི་མཐུན་རྐྱེན་སོགས་ཉིན་བཞིའི་རིང་བཀག་འགོག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༩ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རེས་གཟའ་ཉི་མར་རྒྱ་གར་གྱི་གྷུ་ཇེ་ར་ཐི་(Gujarat) མངའ་སྡེའི་གྲོང་ཁྱེར་བྷ་རོ་ཊ་ (Baroda) རུ་ཁ་ཆེ་དང་ཧིན་དུ་གཉིས་བར་འཁྲུག་འཛིང་ཞིག་བྱུང་ཡོད་འདུག སྐབས་དེར་ཆོས་ལུགས་མི་འདྲ་བའི་ཡུལ་མིའི་ཤོག་ཁག་གཉིས་བར་རྡོ་འཕེན་རེས་བྱས་པ་དང། བཞོན་འཁོར་ཁ་ཤས་ཞིག་མེར་བསྲེགས་པ་སོོགས་གནས་ཚུལ་ཛ་དྲག་བྱུང་ཡོད་པ་རེད།
རྒྱ་གར་གྱི་ད་ལྟའི་སྲིད་བློན་ན་རན་ཌར་མོ་རྡི་གྷུ་ཇི་ར་ཐི་མངའ་སྡེ་ནས་ཡིན་ཞིང་། མངའ་སྡེ་དེའི་ནང་ཧིན་དུའི་མི་རིགས་མང་ཤོས་ཡིན་པ་དང་། ༢༠༠༢ ལོའི་ཆོས་ལུགས་བར་གྱི་ཟིང་འཁྲུག་སྐབས་ཁ་ཆེའི་ཡུལ་མི་༡༠༠༠ ཙམ་རྐྱེན་ལམ་དུ་བཏང་ཡོད་ལ། སྐབས་དེར་སྲིད་བློན་མོ་རྡི་མངའ་སྡེ་དེའི་བློན་ཆེན་ཡིན་འདུག ད་ལྟའི་ཆར་སྲིད་བློན་མི་རྡི་ཨ་རའི་ནང་འཚམས་གཟིགས་གནང་བཞིན་ཡོད་པ་རེད།
བྷ་རོ་ཊའི་ནང་བྱུང་པའི་རྩོད་རྙོག་དེ་ཐོག་མར་ངོ་དེབ་སྟེང་ཁ་ཆེ་ཁ་ཤས་ཀྱིས་ཧིན་དུ་ཆོས་ལུགས་ལ་དམའ་འབེབས་ཀྱི་འདྲ་པར་སྤེལ་བའི་རྐྱེན་གྱིས་ཡིན་འདུག་པ་དང་། ལག་ཁྱེར་ཁ་པར་གྱི་དྲ་རྒྱ་དང། སྡེབ་གཏོང་འཕྲིན་ཐུང་སོགས། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་བརྒྱུད་དེ་ ཆོས་ལུགས་ཀྱི་འཁྲུག་འཛིང་དེ་རྒྱ་ཆེ་རུ་གཏོང་གི་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་མི་ག་ཚོད་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཁ་གསལ་མེད་ཀྱང་། ཁྱོན་ཡུལ་མི་༤༠ འཛིན་བཟུང་བྱས་ཡོད་པ་དང། དེ་བཞིན་འཁྲུག་འཛིང་བཀག་འགོག་ཆེད་མིག་ཆུའི་དུག་རླངས་བེད་སྤྱོད་གཏོང་དགོས་བྱུང་ཡོད་འདུག
དེ་བཞིན་ཉིན་བཞིའི་རིང་ས་ཁུལ་དེར་ལག་ཁྱེར་ཁ་པར་གྱི་དྲ་བ་དང་། སྡེབ་གཏོང་འཕྲིན་ཐུང་གི་མཐུན་རྐྱེན་སོགས་བཀག་འགོག་བྱ་རྒྱུ་ཡིན་འདུག་ལ། གཞུང་ཕྱོགས་ནས་དམིགས་གསལ་རྟོག་ཞིབ་ཚོགས་ཆུང་ཞིག་བཙུགས་ཏེ་འབྲེལ་ཡོད་ཉེས་ཅན་པ་བརྩད་གཅོད་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ཟླ་བ།
བང་ཆེན་དྲ་བ་ནས།།