རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བཙོན་ཁང་ནང་བོད་རྒྱ་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་ཟེར།

མགོན་པོ་འཕྲིན་ལས་བཙོན་བཀྲོལ་བཏང་བའི་ཡིག་ཆ།རྒྱ་ནག་གི་ཏཱ་ཡང་བཙོན་ཁང་ནང་བོད་མི་བཙོན་པ་ཚོར་ངལ་རྩོལ་དང་རྡུང་རྡེག་གང་ཅིའི་ཐད་མི་རིགས་དབྱེ་འབྱེད་བྱེད་བཞིན་ཡོད་འདུག
དེ་ཡང་ཉེ་ཆར་བོད་ནས་བྲོས་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་པ་མགོན་པོ་
འཕྲིན་ལས་ལགས་ནས་ཁོང་རང་ཉིད་ཀྱི་བཙོན་ཁང་ནང་གི་མྱོང་ཚོར་སྐོར་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་ལྟར་ན། ཁོང་རང་ཉིད་དེ་སྔ་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གཅིག་ཉིན། དཀར་མཛེས་ཁྲོམ་གཞུང་ནང་༧གོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་བཅུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་རྒྱབ་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཁོང་གི་མཉམ་དུ་སྤུན་མཆེད་ཉི་ཟླ་བཟང་པོ་ཡང་འཛིན་བཟུང་གིས་མཐའ་མ་ཁོང་ལ་ལོ་གཉིས་དང་ཕྱེད་ཀ་དང་ཁོང་གི་སྤུན་མཆེད་ཉི་ཟླ་བཟང་པོར་ལོ་གསུམ་གྱི་ཁྲིམས་ཆད་ཕོག་ནས་ཟི་ཁྲོན་ཞིང་ཆེན་གྱི་ཏཱ་ཡང་བཙོན་ཁང་ནང་བསྐྱལ་ཡོད་འདུག ཡང་ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་བར་ལྟར་ན། རྩ་བའི་ཏཱ་ཡང་བཙོན་ཁང་ནང་སྐབས་དེར་ཁྱོན་བསྡོམས་ནས་བཙོན་པ་མི་གྲངས་༢༧༠༠ཙམ་ཡོད་པ་དེའི་ནང་ཕྱི་ལོ་༢༠༠༩བར་བོད་རིགས་བཙོན་པ་བཞི་བཅུ་ཞེ་དྲུག་ཡོད་ཚུལ་དང་། བོད་རིགས་བཙོན་པ་ཕན་ཚུན་ཐུག་ནས་སྐད་ཆ་ཤོད་རེས་བྱེད་བཅུག་གི་མེད་པའི་ཁར་བོད་རིགས་བཙོན་པ་ཚོའི་ཐོག་རྒྱ་མིའི་ཉེན་སྲུང་ལྟ་རྟོགས་བྱེད་མཁན་མི་བཞི་རེ་བཞག་པ། ལྷག་པར་དུ་བོད་རིགས་བཙོན་པ་དང་། དེའི་ནང་ནས་ཆབ་སྲིད་བཙོན་པ་ཚོར་ངལ་རྩོལ་ཧ་ཅང་མང་བ་སྐུལ་དེད་བྱས་པ་དང་། རྡུང་རྡེག་ཚད་ལས་བརྒལ་བ་བཏང་བ་སོགས་ཐ་ན་བཙོན་ཁང་ནང་དུའང་རྒྱ་རིགས་དང་བོད་རིགས་དབར་མི་རིགས་དབྱེ་འབྱེད་བྱས་ནས་སྡུག་སྦྱོང་དྲག་པོ་བཏང་ཡོད་པའི་སྐོར་གསུངས་ཡོད། གོང་ཞུས་བཙོན་ཁང་དེའི་ནང་བོད་རིགས་ཆབ་སྲིད་བཙོན་པའི་ཁོངས་སུ་ཚེ་བཙོན་གྱི་ཉེས་ཆད་ཕོག་མཁན་ལི་ཐང་ནས་ཡིན་པའི་ལྷུན་གྲུབ་རྡོ་རྗེ་དང་། བསོད་ནམས་བསྟན་པ། ཉག་རོང་ནས་ཡིན་པའི་བསོད་ནམས་མགོན་པོ་བཅས་གསུམ་ཡོད་པ་དང་། ལོ་བཅུ་དྲུག་གི་ཉེས་ཆད་ཕོག་མཁན་ཁོངས་སུ་ཚངས་དབྱངས་རྒྱ་མཚོ་དང་། ཉི་མ་གྲགས་པ། ད་དུང་རྟའུ་ཉི་མ་གྲགས་པར་ལོ་བཅུ་གཉིས། ལྷག་པ་ཚེ་རིང་དང་དཔལ་ལྡན་འཕྲིན་ལས་གཉིས་ལ་ལོ་བདུན། སེར་རྟ་བླ་རུང་སྒར་ནས་ཡིན་པའི་དགེ་འདུན་པ་ཁག་ཅིག་ཡོད་པ་དེ་དག་ལ་ལོ་བཅུ་བཅས་ཆབ་སྲིད་བཙོན་པ་མང་པོ་ཡོད་པའི་སྐོར་ཡང་ངོ་སྤྲོད་གནང་ཡོད། གང་ལྟར་མགོན་པོ་འཕྲིན་ལས་ལགས་རང་ཉིད་བོད་ནས་བྲོས་བྱོལ་ཕེབས་ཐུབ་ཡོད་ཀྱང་། ད་ལྟའང་བོད་ནང་ཆབ་སྲིད་བཙོན་པ་མང་པོ་ཡོད་པ་དེ་དག་གི་ཐོག་རྒྱ་ནག་གཞུང་ནས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནས་ཚུལ་གསལ་པོ་གསལ་བཤད་གནང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།