ཉེ་ ལམ་ རྒྱ་ གཞུང་ གིས་ དཀར་ མཛེས་ ཁུལ་ གསེར་ རྟ་ རྫོང་ རྙི་ སྟོད་ ཡུལ་ ཚོའི་ སྡེ་ བ་ ཁག་ གི་ འབྲོག་ པ་ རྣམས་ རྒྱ་ གཞུང་ གིས་ གསར་ རྒྱག་ བྱས་ པའི་ སྡོད་ ཁང་ ནང་ བཙན་ ཤེད་ ཀྱིས་ སྤོ་ རུ་ བཅུག་ ཡོད་ ཀྱང་ ། སྡོད་ ཁང་ དེ་ དག་ ལ་ སེར་ ཀ་ གས་ བ་ དང་ ། སྤུས་ དག་
བོད་ ནང་ གི་ གནས་ ཚུལ་ མཁོ་ སྤྲོད་ པ་ ཞིག་ གིས་ བརྗོད་ དོན། ༢༠༠༩ ནས་ བཟུང་ རྒྱ་ གཞུང་ གིས་ ཞིང་ ཆེན་ ཁག་ གི་ མངའ་ ཁུལ་ ནང་ ཡོད་ པའི་ བོད་ པའི་ འབྲོག་ པ་ ཚོར་ སྡོད་ ཁང་ གསར་ རྒྱག་ གི་ ལས་ གཞི་ ཞིག་ མགོ་ བཙུགས་ བྱས་ ཡོད་ པ་ ལྟར། དཀར་ མཛེས་ ཁུལ་ གསེར་ རྟ་ རྫོང་ རྙི་ སྟོད་ ཡུལ་ ཚོའི་ མང་ ཚོགས་ ལའང་ སྡོད་ ཁང་ གསར་ རྒྱག་ ཆེད་ ཁྱིམ་ ཚང་ རེར་ རྒྱ་ སྒོར་ ཁྲི་ ༣ རེ་ སྤྲད་ པ་ དང་ ། གཞན་ རྒྱ་ སྒོར་ ཁྲི་ ༢ རེ་ བུ་ ལོན་ ལེན་ དུ་ བཅུག་ སྟེ། ཡུལ་ ཚོའི་ མགོ་ པ་ དང་ ཚོ་ དཔོན་ གཉིས་ ལ་ འགན་ ལེན་ དུ་ བཅུག་ ཅིང་ ། ཁོ་ གཉིས་ ཀྱིས་ མང་ ཚོགས་ ཀྱི་ ས་ ནས་ སྲིད་ གཞུང་ གིས་ སྤྲད་ པའི་ རྒྱ་ སྒོར་ དང་ བུ་ ལོན་ རྣམས་ བསྡུས་ ཏེ་ སྡོད་ ཁང་ གསར་ རྒྱག་ བྱས་ ཡོད་ ཀྱང་ ། ད་ ཆར་ སྡོད་ ཁང་ དེ་ དག་ ལ་ སེར་ ཀ་ གས་ པ་ དང་ སྤུས་ ཀ་ སྐྱོ་ བ་ བཅས་ ལ་ བརྟེན་ ཏེ་ མི་ སྡོད་ ཐུབ་ མེད་ པ་ ཆགས་ འདུག ཅེས་ དང་ །
ཡང་ ཁོ་ མོས་ མུ་ མཐུད་ བརྗོད་ དོན། མང་ ཚོགས་ ལ་ སྡོད་ ཁང་ གིས་ ཕན་ ཐོགས་ མིན་ ལ་ མ་ ལྟོས་ པར། རྒྱ་ གཞུང་ གིས་ མང་ ཚོགས་ ལ་ སྤྲད་ པ་ དང་ བུ་ ལོན་ གཡར་ བའི་ དངུལ་ དེ་ དག་ གང་ མགྱོགས་ ཕྱིར་ སྤྲོད་ དགོས་ པ་ དང་ ། ལོ་ རེར་ འབྲོག་ པ་ མང་ ཚོགས་ ལ་ རྩྭ་ རིན་ དུ་ སྤྲོད་ བཞིན་ པའི་ རྒྱ་ སྒོར་ ཆིག་ སྟོང་ ལྷག་ རེ་ ཡོད་ པ་ དེ་ ནས་ གཅོག་ འཐེན་ བྱ་ རྒྱུ་ ཡིན་ སྐོར་ སོགས་ ཀྱི་ བཀའ་ བསྒྲགས་ འདུག ཅེས་ སོགས་ བརྗོད།
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།