
དེ་ རིང་ ཡུ་ རོབ་ སུད་ ཝེ་ ཌན་ (Sweden)གྱི་ རྒྱལ་ སར། ༢༠༡༤ ལོའི་ རྒྱལ་ སྤྱིའི་ བྱིས་ པའི་ གཟེངས་ རྟགས་ དེ་ བུད་ མེད་ ཀྱི་ ཤེས་ ཡོན་ ཐོབ་ ཐང་ རྩོད་ ལེན་ པ་ དང་
འདིའི་ ཐད་ གཟེངས་ རྟགས་ ཚོགས་ ཆུང་ གིས། “འཛམ་ གླིང་ རྒྱལ་ ཁབ་ ༡༡༠ ཡི་ སློབ་ གྲྭ་ ༥༩༧༤༨ ཀྱིས་ དེབ་ སྐྱེལ་ བྱས་ ཡོད་ པའི་ རྒྱལ་ སྤྱིའི་ བྱིས་ པའི་ ཚོགས་ པ་ ཡིས་ བྱིས་ པ་ ས་ ཡ་ ༣༦ ཁྲོད་ ནས་ བྱིས་ པ་ ས་ ཡ་ ༧།༡ གིས། འདི་ ལོའི་ རྒྱལ་ སྤྱིའི་ བྱིས་ པའི་ གཟེངས་ རྟགས་ ཀྱི་ འོས་ མི་ ཁག་ ལ་ དྲ་ ཐོག་ འོས་ བསྡུ་ བྱས་ པ་ བརྒྱུད་ བུ་ མོ་ མཱ་ ལཱ་ ལཱ་ དང་ ཇོན་ ཝུ་ ཌི། ཨིན་ དྷ་ ར་ བཅས་ ལ་ འོས་ གྲངས་ མཐོ་ ཤོས་ ཐོབ་ སྟེ་ གཟེངས་ རྟགས་ འདི་ འབུལ་ གཏན་ འཁེལ་ བ་ ཞིག་ ཡིན་ པ་ དང་ ། དེ་ ནི་ ཁོ་ ཚོས་ བྱིས་ པའི་ སློབ་ གསོ་ ཡར་ རྒྱས་ གཏོང་ ཐབས་ ལ་ ནུས་ པ་ འདོན་ སྤེལ་ བྱས་ ཡོད་ སྟབས། ཁོ་ ཚོའི་ བྱས་ རྗེས་ ལ་ ངོས་ འཛིན་ དང་ ཡི་ རངས་ ཞུ་ ཆེད་ གཟེངས་ རྟགས་ དེ་ སྤྲད་ པ་ ཞིག་ ཆགས་ ཡོད།” ཅེས་ བརྗོད་ འདུག
རྒྱལ་ སྤྱིའི་ བྱིས་ པའི་ གཟེངས་ རྟགས་ དེ་ ༢༠༠༠ ལོར་ མགོ་ འཛུགས་ བྱས་ ཡོད་ ཅིང་ ། དེའི་ དམིགས་ ཡུལ་ ནི་ རྒྱལ་ སྤྱིའི་ ཐོག་ བྱིས་ པའི་ སློབ་ གསོ་ འཕེལ་ རྒྱས་ གཏོང་ ཐབས་ ལ་ བྱས་ རྗེས་ འཇོག་ མཁན་ གྱི་ གང་ ཟག་ དག་ ལ་ ཆེ་ བསྟོད་ ཞུ་ ཆེད་ ཡིན་ པ་ དང་ ། ད་ བར་ རྒྱལ་ སྤྱིའི་ བྱིས་ པའི་ ཚོགས་ པ་ དེས་ འཛམ་ གླིང་ ཐོག་ བྱིས་ པའི་ སློབ་ གསོའི་ བྱ་ གཞག་ དང་ ཐོབ་ ཐང་ ཐད་ འབུར་ ཐོན་ ཕྱག་ ལས་ གནང་ མཁན་ གྱི་ ལྷོ་ ཨ་ ཧྥི་ རི་ ཀའི་ སྲིད་ འཛིན་ ཟུར་ པ་ དང་ ཞི་ བདེའི་ གཟེངས་ རྟགས་ བཞེས་ མཁན་ མཱན་ ཌེལ་ ལཱ་ (Nelson Mandela) དང་ ། མཱན་ ཌེལ་ ལཱའི་ སྐུ་ ཟླ་ མཱ་ ཅལ་ (Graça Machel)། མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ སྤྱི་ ཁྱབ་ དྲུང་ ཆེ་ ཟུར་ པ་ ཀོ་ ཧྥི་ ཨཱ་ ནཱན་ (Kofi Annan)། དེ་ བཞིན་ ཨཱ་ ནི་ ཧྥན་ ཀཱ་ (Anne Frank) སོགས་ ལ་ ཕུལ་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།