ཁ་ སང་ རྒྱ་ ནག་ དབུས་ དམག་ སྲིད་ ལྷན་ ཁང་ གི་ ཚོགས་ གཞོན་ གྱིས་ ལྐོག་ ཟ་ དང་ ལྐོག་ རྔན་ བླངས་ པ་ ཁས་ ལེན་ བྱས་ ཡོད་ ཚུལ་ ཕྱི་ བསྒྲགས་ བྱས་ འདུག
ཁ་ སང་ རྒྱ་ ནག་ ཤིན་< ཧྭ་ གསར་ ཁང་ གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། འདི་ ལོའི་ ཕྱི་ ཟླ་ ༣ པའི་ ནང་ རྒྱ་ ནག་ ཞིབ་ དཔྱོད་ ཚན་ པས་ ལྐོག་ ཟ་ རུལ་ སུངས་ ཀྱི་ དོགས་ གཞིའི་
འདིའི་ ཐད་ རྒྱ་ ནག་ ཞིབ་ དཔྱོད་ ཚན་ པས། “ང་ ཚོས་ འདས་ པའི་ ཟླ་ བདུན་ ཙམ་ རིང་ ཞའོ་ ཚའོ་ ཧོ་ ལ་ འདྲི་ རྩད་ བྱས་ པ་ བརྒྱུད། ཁོས་ དེ་ སྔོན་ དབང་ ཆ་ བེད་ སྤྱོད་ ལོག་ པར་ བཏང་ སྟེ་ ལྐོག་ རྔན་ ཕོན་ ཆེན་ བླངས་ ནས་ མི་ གཞན་ གྱི་ གོ་ གནས་ སྤར་ བ་ མ་ ཟད། ནང་ མི་ བརྒྱུད་ ལྐོག་ རྔན་ བླངས་ ཏེ་ གཞན་ ལ་ ལས་ ཀ་ སྤྲད་ པ་ སོགས་ ཀྱི་ ནག་ ཉེས་ བསགས་ ཡོད་ པ་ ཁས་ ལེན་ བྱས་ ཡོད།”ཅེས་ བརྗོད་ འདུག
ད་ ལྟ་ ལོ་ ༧༡ ཡིན་ པའི་ ཞའོ་ ཚའེ་ ཧོ་ (Xu Caihou) ཡིས་ ༢༠༠༤ ནས་ ༢༠༡༢ ལོའི་ བར་ རྒྱ་ ནག་ དབུས་ དམག་ སྲིད་ ལྷན་ ཁང་ གི་ ཚོགས་ གཞོན་ གྱི་ ལས་ འགན་ འཁུར་ བའི་ རིང་ ལྐོག་ ཟ་ རུལ་ སུངས་ དང་ དབང་ ཆ་ ལོག་ པར་ བེད་ སྤྱོད་ བཏང་ བ་ སོགས་ བྱས་ ཡོད་ ཅིང་ ། ཁོ་ ནི་ རྒྱ་ ནག་ གི་ དམག་ དོན་ ཚན་ ཁག་ ནས་ ལྐོག་ ཟ་ རུལ་ སུངས་ བྱས་ ཏེ་ འཇུ་ བཟུང་ བྱས་ པའི་ དཔོན་ རིགས་ མཐོ་ གྲས་ ཤིག་ ཆགས་ ཡོད་ པ་ དང་ ། ད་ ལྟ་ རྒྱ་ ནག་ ཞིབ་ དཔྱོད་ ཚན་ པས་ རྒྱ་ ནག་ དབུས་ བདེ་ འཇགས་ ལྷན་ ཁང་ གི་ མགོ་ ཁྲིད་ ཟུར་ བ་ ཀྲུག་ ཡོང་ ཁང་ ལ་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།