ཉིན་ འདི་ གར་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ནང་ ཚོགས་ བཞིན་ པའི་ དུས་ རབས་ ཉེར་ གཅིག་ གི་ གླེང་ སྟེགས་ སྟེང་ ། སྲིད་ སྐྱོང་ མཆོག་ གིས་ གལ་ ཏེ་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ དམ་ པ་ སྐུ་ ཞབས་ ཝ་ སི་ ལབ་ ཧ་ ཝེལ་ མཆོག་ སྐུ་ འཚོ་ བཞུགས་
ཟླ་ འདིའི་ ཚེས་ ༡༢ ནས་ ༡༥ ཉིན་ བར་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ རྒྱལ་ པར་ གྷུ་ (Prague) ནང་ དུས་ རབས་ ཉེར་ གཅིག་ གི་ གླེང་ སྟེགས་ (Forum 2000) ཞེས་ པའི་ རྒྱལ་ སྤྱིའི་ དབུ་ ཁྲིད་ ཀྱི་ ལྷན་ ཚོགས་ ཐེངས་ ༡༨ པ་ དེ་ བསྐོངས་ ཡོད་ ཅིང་ ། ཚོགས་ ཐོག་ ཏུ་ རྒྱལ་ ཁབ་ ༢༠ ལྷག་ གི་ ལས་ རིགས་ འདྲ་ མིན་ གྱི་ རིགས་ གཅིག་ མཁས་ དབང་ དང་ ། ཆབ་ སྲིད་ དང་ ཆོས་ ལུགས་ ཀྱི་ དབུ་ ཁྲིད། རྒྱལ་ སྤྱིའི་ སྟེང་ གི་ ཆེད་ ལས་ མཁས་ དབང་ བཅས་ མི་ ༢༠༠ ཙམ་ མཉམ་ བཞུགས་ གནང་ ཡོད་ པའི་ ཁྲོད་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ ཀྱང་ མཉམ་ ཞུགས་ ཀྱིས་ གཏམ་ བཤད་ གནང་ ཡོད་ འདུག
གླེང་ སྟེགས་ དེའི་ སྟེང་ ༼ལྕགས་ ཀྱི་ ཁྲ་ ཡོལ་ དང་ ། གནམ་ བདེ་ སྒོ་ མོ་ ཆེའི་ དོན་ རྐྱེན་ བྱུང་ ནས་ ལོ་ ༢༥ ཕྱིན་ རྗེས་ ཀྱི་ དམངས་ གཙོའི་ ལམ་ ལུགས་ དང་ དེའི་ ཞན་ ཆ༽ ཞེས་ པའི་ བརྗོད་ གཞིའི་ ཐོག་ བགྲོ་ གླེང་ གནང་ ཡོད་ ཅིང་ ། སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ གིས་ ༼ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ དམ་ པ་ སྐུ་ ཞབས་ ཝ་ སི་ ལབ་ ཧ་ ཝེལ་ མཆོག་ གི་ བཟང་ སྤྱོད་ ལ་ གཞི་ བཅོལ་ བའི་ ཕྱི་ འབྲེལ་ སྲིད་ བྱུས་ ཀྱི་ གལ་ གནད།༽ཅེས་ པའི་ བརྗོད་ གཞིའི་ ཐོག་ གསུང་ བཤད་ གནང་ བ་ དང་ འབྲེལ་ ཏེ། བོད་ ནང་ གི་ རང་ ལུས་ མེར་ བསྲེགས་ ཀྱི་ གནས་ སྟངས་ སྐོར་ ལ་ གཏམ་ བཤད་ གནང་ ཡོད་ འདུག
ཐེངས་ འདིར། ཨ་ རིའི་ རྒྱལ་ ཡོངས་ དམངས་ གཙོ་ འཕེལ་ རྒྱས་ ཐེབས་ རྩ་ ཁང་ གི་ ཚོགས་ གཙོ་ སྐུ་ ཞབས་ ཀལ་ གྷར་ ཤི་ མན་ (Carl Gershman) ལགས་ ཀྱིས་ གཙོས་ བྷེ་ ལ་ རུ་ སུ་ དང་ ཁུ་ བྷ། ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ ཨ་ རིའི་ གཞུང་ ཚབ་ པ་ སོགས་ མཉམ་ ཞུགས་ གནང་ ཡོད་ འདུག སྐབས་ དེར་ སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ གིས་ གསུངས་ དོན། ང་ ཚོས་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ དམ་ པ་ སྐུ་ ཞབས་ ཝ་ སི་ ལབ་ ཧ་ ཝེལ་ མཆོག་ གི་ མཛད་ རྗེས་ དང་ བརྩམས་ ཆོས་ ཁག་ ལ་ དངོས་ ཐོག་ བདེན་ འཚོལ་ བྱས་ ནས་ ཕྱིར་ མིག་ ཅིག་ བལྟས་ ཚེ། ཁོང་ གིས་ དཔལ་ འབྱོར་ དང་ བཟང་ སྤྱོད་ གཉིས་ ཀ་ སྤྱི་ ཚོགས་ འཕེལ་ རྒྱས་ ཡོང་ ཐབས་ ལ་ མེད་ དུ་ མི་ རུང་ བའི་ ཆ་ རྐྱེན་ ཞིག་ ཆགས་ ཡོད་ པར་ ངོས་ འཛིན་ བྱེད་ ཀྱིན་ ཡོད་ ཀྱང་ ། དཔལ་ འབྱོར་ དང་ བཟང་ སྤྱོད་ གཉིས་ ལས་ བཟང་ སྤྱོད་ ཀྱི་ རིན་ ཐང་ གལ་ ཆེ་ བར་ ངོས་ འཛིན་ བྱེད་ ཀྱིན་ ཡོད་ པ་ ལྟར། ཁོང་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ ལ་ བསྐོ་ བཞག་ གནང་ རྗེས། ཆེས་ ཐོག་ མར་ རྒྱལ་ ཡོངས་ ལ་ གཏམ་ བཤད་ གནང་ སྐབས་ ༧གོང་ ས་ མཆོག་ དང་ སྐབས་ དེའི་ ཡེ་ ཤུའི་ བླ་ ཆེན་ པོབ་ ཇོན་ པོལ་ མཆོག་ ལ་ གདན་ ཞུ་ ཕུལ་ ཡོད་ པ་ མ་ ཟད། སྐུ་ འཚོ་ བཞུགས་ སྐབས་ འཛམ་ གླིང་ ཞི་ བདེའི་ ཆེད་ མཛད་ རྗེས་ རླབས་ ཆེན་ བཞག་ ཡོད་ སྟབས། དམ་ པ་ ཁོང་ ནི་ དཔལ་ འབྱོར་ ལས་ བཟང་ སྤྱོད་ གལ་ ཆེ་ བར་ འཛིན་ མཁན་ གྱི་ བཟང་ སྤྱོད་ སྲུང་ དམག་ ལྟ་ བུ་ ཞིག་ ཆགས་ ཡོད། ཅེས་ གསུངས་ འདུག
དེ་ རིང་ དུས་ རབས་ ཉེར་ གཅིག་ གི་ རྒྱལ་ སྤྱིའི་ གླེང་ སྟེགས་ ཀྱི་ མཇུག་ བསྡོམས་ ཉིན་ མོར་ སི་ པན་ གྱི་ སྲིད་ བློན་ ཟུར་ པ་ སྐུ་ ཞབས་ ཨ་ ཛེ་ ནར་ (Jose Maria Aznar) མཆོག་ གིས་ གུ་ ཡངས་ དམངས་ གཙོ་ རིང་ ལུགས་ (liberal democracy ) ནི་ དམངས་ གཙོའི་ ལམ་ ལུགས་ ལེགས་ ཤོས་ ཤིག་ ཆགས་ ཡོད་ ཀྱང་ ། ཡུ་ རོབ་ གཙོས་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ ཅིག་ ནང་ རྒྱལ་ གཅེས་ རིང་ ལུགས་ ཀྱི་ བསམ་ བློ་ ཤུགས་ ཆེན་ དར་ ཏེ། ད་ ལྟ་ རིང་ ལུགས་ འདི་ ཉམས་ དམས་ སུ་ འགྲོ་ བཞིན་ ཡོད་ སྟབས། ད་ ལྟ་ ཡུ་ རོབ་ གཙོ་ བོ་ འགྱུར་ བའི་ རྒྱལ་ ཁབ་ ཁག་ ནང་ སྔ་ རབས་ ཀྱི་ དམངས་ གཙོའི་ རིན་ ཐང་ (classical values of democracy) གྱི་ ནུས་ པ་ གོང་ མཐོར་ གཏོང་ བའི་ དུས་ ལ་ བབ་ ཡོད། ཅེས་ གསུངས་ འདུག
རྒྱ་ གར་ གྱི་ ཆབ་ སྲིད་ ཚན་ རིག་ པ་ སྐུ་ ཞབས་ ཡུ་ གྷེན་ དྷ་ ར་ (Yogendra Yadav)ལགས་ ཀྱིས་ དམངས་ གཙོའི་ ལམ་ ལུགས་ འདི་ འཕེལ་ རྒྱས་ འགྲོ་ བཞིན་ ཡོད་ སྟབས། སྤྱི་ འབངས་ ཚོས་ གཅེས་ སྐྱོང་ བྱེད་ དགོས་ པ་ ལས་ གཏོར་ ཕམ་ གཏོང་ རྒྱུ་ མེད་ སྐོར་ གཏམ་ བཤད་ གནང་ ཡོད་ པ་ མ་ ཟད། ཝེ་ ནེ་ ཛུ་ ལའི་ སློབ་ ཕྲུག་ གི་ མགོ་ ཁྲིད་ ཇེན་ (Juan Requesens) ལགས་ ཀྱིས་ དམངས་ གཙོའི་ རྒྱལ་ ཁབ་ ནང་ སོ་ སོའི་ རང་ དབང་ རྩོད་ རྒྱུའི་ ཐོབ་ ཐང་ ཡོད་ པ་ དང་ ། རང་ དབང་ ནི་ མིས་ བརྩི་ མཐོང་ བྱ་ ཡུལ་ གྱི་ དགོས་ མཁོ་ གལ་ ཆེན་ ཞིག་ ཆགས་ ཡོད་ སྟབས། སོ་ སོས་ རྩོད་ ལེན་ བྱེད་ དགོས་ ཞེས་ དང་ ། རྒྱ་ རིགས་ རྩོམ་ པ་ པོ་ མཱ་ རུང་ (Murong Xuecun) གིས་ རྒྱ་ ནག་ གི་ དམར་ པོའི་ རིང་ ལུགས་ དང་ འབྲེལ་ ཧོང་ ཀོང་ གི་ གནས་ བབ་ སྐོར་ ལ་ གཏམ་ བཤད་ སོགས་ གནང་ སྟེ་ རྒྱལ་ སྤྱིའི་ གླེང་ སྟེགས་ དེ་ མཇུག་ སྒྲིལ་ ཡོད་ འདུག
༼དུས་ རབས་ ཉེར་ གཅིག་ གི་ གླེང་ སྟེགས༽ཞེས་ པ་ འདི། ༡༩༩༦ ལོར་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ དམ་ པ་ ཝ་ སི་ ལབ་ ཧ་ ཝལ་ (Václav Havel) མཆོག་ དང་ ། ཉི་ ཧོང་ གི་ གཏོང་ ཕོད་ ཅན་ སྐུ་ ཞབས་ ཡོ་ ཧི་ (Yohei Sasakawa) ལགས། ནོ་ བྷེལ་ ཞི་ བདེའི་ གཟེངས་ རྟགས་ བཞེས་ མྱོང་ མཁན་ ཨེ་ ལི་ ཝེ་ སེལ་ (Elie Wiesel) ལགས་ བཅས་ ཀྱིས་ དབུ་ འཛུགས་ གནང་ བ་ ཞིག་ ཡིན་ པ་ དང་ ། ལྷན་ ཚོགས་ འདིའི་ དམིགས་ ཡུལ་ གཙོ་ བོ་ ནི་ ཅེག་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྲིད་ འཛིན་ དམ་ པ་ ཝ་ སི་ ལབ་ ཧ་ ཝལ་ མཆོག་ གིས་ བསྐྲུན་ པའི་ དམངས་ གཙོའི་ རིན་ ཐང་ དང་ ། འགྲོ་ བ་ མིའི་ ཐོབ་ ཐང་ ལ་ བརྩི་ བཀུར། སྤྱི་ ཚོགས་ ཀྱི་ གནས་ སྟངས་ ཇེ་ བཟང་ དུ་ གཏོང་ རྒྱུ། ཆོས་ ལུགས་ དང་ མི་ རིགས། རིག་ གཞུང་ འདྲ་ མིན་ མཐུན་ སྒྲིལ་ གོང་ འཕེལ་ གཏོང་ ཆེད་ བཅས་ ཡིན་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

