རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ནང་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལི་ཐང་རྫོང་ཁོངས་ཀྱི་དད་ལྡན་མང་ཚོཊ་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་ཞུས་ཡོད་འདུག            དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལོ་ལྟར་བོད་ཕྱི་ནང་གཉིས་སུ་སྤྲུལ་སྐུ་བསྟན་འཛིན་
བདེ་ལེགས་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་ཁོངས་ཀྱི་དད་ལྡན་མང་ཚོགས་མང་པོ་འདུ་འཛོམས་ཀྱིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གི་སྐུ་པར་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་པར་གཉིས་མཉམ་དུ་བསྒྲིགས་ཏེ་ཕྱག་མཆོད་འབུལ་དང་། རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་ཏུ་མཇལ་བའི་སྨོན་ལམ་དང་བཅས་ཁོང་གི་ཞབས་བརྟན་འུར་འདོན་བྱས་ཡོད་པ་དང་། ས་གནས་སྲིད་གཞུང་གི་ལས་བྱེད་པས་གནས་ཚུལ་དེ་ཤེས་རྟོགས་བྱུང་ཡོད་སྟབས། ཡུལ་མི་ཚོས་སྔར་ལས་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས། བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་བྱས་པ་དེས་ས་གནས་རྒྱ་རིགས་དང་བོད་རིགས་གཞོན་སྐྱེས་ཚོར། ཉེ་རབས་ལོ་རྒྱུས་སུ་རྒྱ་གཞུང་གིས་རིན་པོ་ཆེ་ལ་མ་ཉེས་ཁག་གཡོག་གིས་འཛིན་བཟུང་བྱས་པ་དང་། ཡར་ཞུ་ཞི་བའི་ལས་འགུལ་ལ་དྲག་པོས་འགོག་རྒོལ་བྱས་པ། བོད་མི་རྣམས་ལ་ས་གནས་རྒྱ་ནག་གཞུང་ནས་ལོ་ནས་ལོ་བསྟུད་དེ་སྡུག་བསྔལ་ཚད་མེད་བཟོས་པ་དེ་ཚོ་མི་རབས་འདི་ཙམ་མ་ཡིན་པར། མི་རབས་ནས་མི་རབས་ཏུ་སེམས་ནས་བརྗེད་ཐབས་མེད་པའི་བརྡ་ལན་སྤྲད་ཡོད་སྐོར་སོགས་བརྗོད་སོང་
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།