ཁ་ སང་ རྒྱ་ ནག་ གི་ མཁའ་ དམག་ ཚན་ པས་ ཉེ་ ལམ་ གསར་ བཟོ་ བྱས་ པའི་ མཁའ་ དམག་ གནམ་ གྲུ་ ཁག་ ཅིག་ ཚོད་ ལྟ་ བྱས་ ཡོད་ འདུག
ཁ་ སང་ རྒྱ་ ནག་ དམག་ སྲིད་ ལྷན་ ཚོགས་ ཀྱི་ ཚོགས་ འདུ་ ཚོགས་ བཞིན་ པའི་ སྐབས་ དང་ བསྟུན་ ཏེ། རྒྱ་ ནག་ གི་ མཁའ་ དམག་ ཚན་ པས་ འདས་ པས་ བཟོ་ སྐྲུན་ བྱས་ པའི་ མི་ རབས་ བཞི་ པའི་ དམག་ རྒྱག་ གནམ་ གྲུ་ (J20) དང་ (KJ-500)། (Y-
20)ཞེས་
འདིའི་ ཐད་ རྒྱ་ ནག་ མཁའ་ དམག་ ཚན་ པས་ གསར་ འགོད་ པར། “ད་ ལྟའི་ དམག་ རྒྱག་ གནམ་ གྲུ་ འདི་ དག་ ནི་ རྒྱ་ ནག་ གི་ ཚན་ རིག་ ལག་ རྩལ་ ལས་ ཐོན་ པ་ ཤ་ སྟག་ ཡིན་ སྟབས། མཁའ་ དམག་ གནམ་ གྲུ་ དེ་ དག་ ལས་ གཅིག་ གིས་ དགྲ་ བོའི་ གནམ་ གྲུར་ མྱུལ་ ཞིབ་ སྟངས་ འཛིན་ བྱེད་ ཐུབ་ པ་ དང་ ། གནམ་ གྲུ་ གཞན་ དག་ གིས་ མཚོན་ ཆ་ སྐྱེལ་ འདྲེན་ དང་ ། དགྲ་ བོའི་ མཚོན་ ཆ་ འགོག་ སྲུང་ བྱེད་ ཐུབ།”ཅེས་ བརྗོད་ འདུག
(J20) ཞེས་ པའི་ དམག་ རྒྱག་ གནམ་ གྲུ་ དེ་ ནི་ རྒྱ་ ནག་ ནང་ བཟོ་ སྐྲུན་ བྱས་ པ་ མ་ ཟད། གནམ་ གྲུའི་ ཚོད་ འཛིན་ ལྟེ་ གནས་ ནས་ མཚོན་ ཆ་ འཕངས་ ཚེ་ ལྷོ་ རྒྱ་ ནག་ རྒྱ་ མཚོའི་ མངའ་ ཁུལ་ མང་ ཆེ་ བར་ གཏོར་ སྐྱོན་ གཏོང་ ཐུབ་ ཀྱི་ ཡོད་ འདུག (Y-20)ཞེས་ པའི་ གནམ་ གྲུ་ དེས་ རྡུལ་ ཕྲན་ མཚོན་ ཆ་ སྐྱེལ་ འདྲེན་ དང་ ། (KJ-500) ཞེས་ པ་ དེས་ དགྲ་ བོའི་ མཁའ་ དམག་ གནམ་ གྲུར་ མྱུལ་ ཞིབ་ སྟངས་ འཛིན་ དང་ ། ཕར་ ཕྱོགས་ ཀྱི་ མཚོན་ ཆར་ འགོག་ སྲུང་ བྱེད་ ཐུབ་ ཀྱི་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ
དུས་བབ་དྲ་བ་ནས།།།

