རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དབྱིན་ཡིག་གི་ཤེས་བྱའི་འགྲན་སྡུར་སྤེལ་བ།

སློབ་གྲྭ་ཆུང་འབྲིང་གི་སློབ་མས་དབྱིན་ཡིག་ལ་སློབ་སྦྱོང་བྱེད་པའི་དགའ་སྣང་དང་སྤྲོ་སྣང་ཇེ་ཆེར་བསྐྱེད་པ་དང་། འཛིན་གྲྭ་ཕན་ཚུན། སློབ་མ་ཕན་ཚུན་བར་དུ་འགྲན་རྩོད་དང་མཐུན་སྒྲིལ་གྱི་གོམས་གཤིས་དང་སྲོལ་བཟང་རྒྱུན་འཁྱོངས་བྱ་བ།
སློབ་གྲྭ་སྤྱིའི་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་གཏོང་བ་བཅས་ཀྱི་ཕྱིར་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་དབྱིན་ཡིག་གི་ཤེས་བྱའི་འགྲན་སྡུར་ཞིག་ཟླ༡༡པའི་ཚེས༢༦ཉིན་གྱི་ཕྱི་དྲོར་སློབ་གྲྭའི་སྐས་རིམ་ཚོགས་ཁང་དུ་སློབ་བུ་ལྔ་བརྒྱ་ལྷག་གི་སྤྲོ་མགུའི་ཡོ་ལང་ཁྲོད་ནས་བདེ་ལེགས་ངང་སྤེལ།
      ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་རེ་ནས་སློབ་བུ་གཉིས་རེ་བདམས་ཏེ་འགྲན་བསྡུར་ལ་ཞུགས་ཤིང་།སློབ་གྲྭའི་དབྱིན་ཡིག་དགེ་རྒན་རྣམས་ཀྱི་ཇུས་འགོད་ལེགས་པའི་གྲ་སྒྲིག་གི་འོག་ཏུ། ཤེས་བྱའི་འགྲན་སྡུར་གྱི་ཆེད་སྤྱོད་དེང་རབས་འཕྲུལ་ཆས་བཀོལ་ཏེ་འགྲན་སྡུར་གྱི་ནང་དོན་ལ་ངེས་པར་ལན་འདེབས་པའི་སྐོར་དང་འཕྲོག་ལན་འདེབས་པའི་སྐོར། ཉེན་ཁ་ཅན་གྱི་ལན་འདེབས་པའི་སྐོར་བཅས་རིམ་པ་གསུམ་དུ་བཀར་ཡོད་པ་དང་། རིམ་པ་རེ་རེའི་བར་གསེང་དུ་གླུ་གླུ་དབྱངས་ལ་མོས་པ་ཡོད་པའི་སློབ་བུ་རེ་འགས་བྱ་འགུལ་ལ་གསོན་ཉམས་དོད་ཆེད་དུ་བར་རྒྱན་གྱི་རྣམ་པས་དགེ་སློབ་ཀུན་ལ་ལྷོད་གཡེང་གི་ངལ་གསོ་གནང་བར། འཛིན་གྲྭའི་ཐུན་མོང་གི་ཆེད་དུ་འཐུས་ཚབ་སློབ་མ་སོ་སོས་བློ་རིག་སྐྲ་རྩེ་ནས་བསྒྲིམས་ཏེ་ནུས་ཤུགས་ཡོད་རྒུ་བཏོན། སློབ་ཐུན་གཉིས་རིང་གི་ཚ་རླབས་འཕྱུར་བའི་འགྲན་བསྡུར་བརྒྱུད་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ཀྱི་བྱ་དགའི་རྟགས་མ་དང་མཚན་སྙན་དཔང་ཡིག་གནང་སྟེ་དབྱིན་ཡིག་ཤེས་བྱའི་འགྲན་བསྡུར་དེ་དགེ་རྒན་དག་གི་བསམ་དོན་ལྟར་ལེགས་འགྲུབ་བྱུང་བ་རེད། མཚོ་སྔོན་པོ་དྲ་བ་ནས།།