དེ་ རིང་ འཛམ་ གླིང་ གཉན་ ནད་ རེག་ དུག་ གི་ ཉིན་ མོ་ དང་ བསྟུན་ ན་ ཚ་ དེ་ སྔོན་ འགོག་ བྱེད་ ཐབས་ ཀྱི་ གོ་ རྟོགས་ གོང་ འཕེལ་ དང་ ། འགོས་ ནད་ དེ་ ཕོག་ པའི་ ནད་ པ་ ཚོར་ བདག་ སྐྱོང་ བྱས་ ན་ སྤྱི་ ཚོགས་ ཁྱོན་ ཡོངས་ ལ་ ཕན་ སྐོར་ བརྗོད་ སོང་ །
དེ་ རིང་ སྔ་ དྲོའི་ ཆུ་ ཚོད་ ༩།༣༠ ཡོལ་ ཙམ་ ལ་ དྷ་ ས་ མེག་ གྷན་ རླངས་ འཁོར་ འབབ་ ཚིགས་ སུ། ལྷ་ སྤྱི་ ཚོགས་ ཞབས་ ཞུ་ ཁང་ དང་ ཀུན་ ཕན་
ཀུན་ ཕན་ ཚོགས་ པའི་ འགན་ འཛིན་ སྤྱི་ འཐུས་ ཟླ་ བ་ ཚེ་ རིང་ ལགས་ སུ་ ལས་ འགུལ་ གྱི་ དགོས་ དམིགས་ དང་ འབོད་ སྐུལ་ ཅི་ ཡོད་ སྐོར་ བཅར་ འདྲི་ ཞུ་ སྐབས། དེ་ རིང་ ཉིན་ མོ་ འདི་ དང་ བསྟུན་ ནས་ དེང་ སང་ བོད་ ཕྱི་ ནང་ གཉིས་ ཀྱི་ སྤྱི་ ཚོགས་ ནང་ ཉལ་ ཐ་ འདྲ་ མི་ འདྲ་ བེད་ སྤྱོད་ བྱེད་ པ་ སོགས་ གོ་ རྟོགས་ མེད་ པའི་ དཀའ་ ངལ་ མང་ པོ་ ཞིག་ འཕྲད་ བཞིན་ ཡོད་ སྟབས། སྤྱི་ ཚོགས་ ཀྱི་ དཀའ་ ངལ་ དེ་ སྤྱི་ ཚོགས་ རང་ གིས་ འགན་ འཁུར་ ནས་ སྔོན་ འགོག་ གི་ སློབ་ སྟོན་ བྱེད་ རྒྱུ་ གལ་ ཆེན་ པོ་ ཡིན་ པ་ དང་ ། སྤྱི་ ཚོགས་ ཀྱི་ དཀའ་ ངལ་ དེ་ སྒྲིག་ འཛུགས་ ཤིག་ དང་ ཚོགས་ སྡེ་ ཞིག་ གིས་ སེལ་ ཐབས་ བྱས་ པ་ ཙམ་ མ་ ཡིན་ པར་ མི་ རེ་ ངོ་ རེ་ ནས་ སྔོན་ འགོག་ དང་ ། ན་ ཚ་ འགོས་ ཡོད་ མེད་ ཀྱི་ བརྟག་ དཔྱད་ བྱེད་ རྒྱུ་ གལ་ ཆེན་ པོ་ ཡིན་ ལ། ནན་ ཚ་ དེ་ མེད་ ན་ སྔོན་ འགོག་ གི་ བྱ་ བར་ དོ་ གཟབ་ དགོས་ པ་ དང་ ། གལ་ སྲིད་ ན་ ཚ་ དེ་ ཡོད་ ན། དེ་ ལ་ དཔག་ པའི་ སྨན་ ཟོས་ པ་ ཡིན་ ན་ ན་ ཚ་ སྡུག་ ཏུ་ མ་ སོང་ བར་ ལོ་ ༥༠ དང་ ༦༠ ་ ལ་ འཚོ་ ཐུབ་ ཀྱི་ ཡོད་ སྐོར་ དང་ ། ན་ ཚ་ དེ་ ཕན་ ཚུན་ ལག་ པ་ བཏང་ བ་ དང་ གནས་ གོས་ ཟས་ མལ་ མཉམ་ སྤྱོད་ བྱས་ པ་ ཙམ་ གྱིས་ འགོས་ ཀྱི་ མེད་ སྟབས། ན་ ཚ་ དེ་ ཡོད་ པའི་ ནད་ པ་ ཚོར་ བདག་ སྐྱོང་ དང་ རོགས་ རམ་ བྱེད་ དགོས་ པ་ ལས། ཁོང་ ཚོར་ རྒྱང་ ཐག་ བཟུང་ སྟེ་ སྤྱི་ ཚོགས་ ནང་ ནས་ ཕུད་ བཞག་ པ་ ཡིན་ ན། ནད་ པའི་ གནས་ སྟངས་ སྡུག་ ཏུ་ འགྲོ་ བ་ དང་ ། ན་ ཚ་ དེ་ འགོས་ པའི་ ནད་ པ་ མང་ པོ་ ཞིག་ གིས་ གསང་ བ་ བྱས་ ཏེ་ ན་ ཚ་ དེ་ རྒྱ་ ཁྱབ་ ཏུ་ འགྲོ་ བའི་ ཉེན་ ཁ་ ཆེན་ པོ་ ཡོད་ སྐོར་ བརྗོད་ སོང་ །
གཉན་ ནད་ རེག་ དུག་ ནི་ འཁྲིག་ སྤྱོད་ སྐབས་ འགྱིག་ ཤུབས་ བེད་ སྤྱོད་ མ་ བྱས་ པ་ དང་ ། སྨན་ ཁབ་ དང་ སྐྲ་ བཞར་ གྲི། ཐ་ མག་ ནག་ པོ་ སོགས་ མྱོས་ རྫས་ རིགས་ ཀྱི་ མཁོ་ ཆས་ མཉམ་ སྤྱོད་ བྱས་ པ། དེ་ བཞིན་ ན་ ཚ་ དེ་ ཡོད་ པའི་ ཨ་ མའི་ འོ་ མ་ སོགས་ བརྒྱུད་ དེ་ ཕྲུ་ གུར་ འགོས་ པ་ དང་ ། ཁྲག་ གསབ་ པ་ བཅས་ ནས་ འགོས་ ཁྱབ་ ཏུ་ འགྲོ་ བཞིན་ ཡོད་ པ་ དང་ ། ན་ ཚ་ དེ་ འགོས་ བའི་ ནད་ པ་ མང་ པོར་ ཚ་ བ་ འཕར་ བ་ དང་ འབྲུམ་ བུ་ ཐོན་ པ། རྨེན་ ཁྲོས་ པ། མགྲིན་ པ་ ན་ བ། ཁ་ དང་ མགྲིན་ པར་ རྨ་ འབྲུམ་ ཐོན་ པ། ལུས་ ཀྱི་ ཚིགས་ དང་ ཤ་ རྒྱུས་ ལ་ ན་ ཟུག་ སྐྱེས་ བ་ སོགས་ ཀྱི་ ནད་ རྟགས་ ཐོན་ གྱི་ ཡོད་ འདུག
གཉན་ ནད་ རེག་ དུག་ ནི་ ཕྱི་ ལོ་ ༡༩༨༡ ཟླ་ ༦ ཚེས ༥ ཉིན་ ཨ་ རིའི་ འགོས་ ནད་ ཆེད་ མཁས་ མི་ སྣས་ ཐོག་ མར་ ངོས་ ཟིན་ ཏེ། མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱིས་ ཡོངས་ ཁྱབ་ གསལ་ བསྒྲགས་ བྱས་ ཡོད་ པ་ དང་ ། ད་ ལྟའི་ ཆར་ འཛམ་ གླིང་ ནང་ མི་ གྲངས་ ས་ ཡ་ ༦༠ ཙམ་ ལ་ ན་ ཚ་ དེ་ འགོས་ ཡོད་ པ་ མ་ ཟད། མི་ གྲངས་ ས་ ཡ་ ༣༠ ལྷག་ འདས་ གྲོངས་ སུ་ གྱུར་ འདུག ཕྱི་ ལོ་ ༢༠༡༠ ལོར་ བོད་ མིའི་ སྒྲིག་ འཛུགས་ འཕྲོད་ བསྟེན་ ལས་ ཁུངས་ ཀྱིས་ ཞིབ་ འཇུག་ བྱས་ པ་ ལྟར་ ན། བཙན་ བྱོལ་ བོད་ མིའི་ སྤྱི་ ཚོགས་ ནང་ ཁྱོན་ བོད་ མི་ ༡༣༠ ཙམ་ ལ་ ན་ ཚ་ དེ་ འགོས་ ཡོད་ པ་ དང་ ། དེའི་ ནང་ ནས་ མི་ ༦༠ ཙམ་ འདས་ གྲོངས་ སུ་ ཕྱིན་ ཡོད་ འདུག དེ་ བཞིན། བོད་ ནང་ གནས་ བཞུགས་ སྨན་ སྤྲུལ་ དགེ་ གྲགས་ ལགས་ ཀྱིས་ བརྩམས་ པའི་ གཉན་ ནད་ རེག་ དུག་ སྐོར་ གྱི་ དཔེ་ དེབ་ ནང་ ། ཕྱི་ ལོ་ ༢༠༠༩ ལོར་ བོད་ རང་ སྐྱོང་ ལྗོངས་ སུ་ གཉན་ ནད་ རེག་ དུག་ འགོས་ པའི་ མི་ ༡༠༣ དང་ ། མཚོ་ སྔོན་ ཞིང་ ཆེན་ ནང་ མི་ ༡༦༧། ཀན་ སུ་ ཞིང་ ཆེན་ ནང་ ༢༨༧། དཀར་ མཛེས་ བོད་ རིགས་ རང་ སྐྱོང་ ཁུལ་ དུ་ མི་ ༣༠༡༠༠། ཡུན་ ནན་ ཞིང་ ཆེན་ དུ་ ༧༢༩༣༩ ཡོད་ པ་ ཤེས་ རྟོགས་ བྱུང་ ཡོད་ ཀྱང་ ། ཕྱི་ ལོ་ ༢༠༡༠ ལོར་ ཡུན་ ནན་ ཞིང་ ཆེན་ ནང་ མི་ ༡༦༡༨༦༣ ལ་ འཕར་ ཡོད་ སྐོར་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།

