ཟླ་ འདིའི་ ཕྱི་ ཚེས་ ༡༠ ཉིན་ མགོ་ ལོག་ ཁུལ་ དར་ ལག་ རྫོང་ སྟག་ ཐོག་ ཡུལ་ ཚོའི་ རུ་ ཆེན་ གསུམ་ པའི་ སློབ་ མ་ ཀར་ མེ་ ཟེར་ བ་ ཞིག་ ལ་ རྒྱ་ གཞུང་ ཉེན་ རྟོག་ པས་ གཅར་ རྡུང་ དྲག་ པོ་ བཏང་ སྟེ་ བསད་ ཡོད་ འདུག
འདི་ གར་ མགོ་ ལོག་ དམ་ ཆོས་ དཔལ་ བཟང་ ལགས་ ཀྱིས་ གནས་ ཚུལ་ མཁོ་ སྤྲོད་ གནང་
དེ་ ནས་ ས་ གནས་ སྲིད་ གཞུང་ གིས་ ཉེན་ རྟོག་ པ་ ཆེད་ མངགས་ ཀྱིས་ རྗེས་ འདེད་ གཏོང་ དུ་ བཅུག་ སྟེ་ འོས་ བླུགས་ དགོས་ པའི་ བཙན་ སྐུལ་ བྱེད་ སྐབས། ཡུལ་ མི་ ཚོས་ ང་ ཚོས་ ཁྱེད་ ཅག་ གི་ འདོད་ མོས་ ལྟར་ འོས་ མ་ བླུགས་ པར་ ཁྱེད་ ཚོ་ མ་ དགའ་ བ་ བྱུང་ ཡོད་ པས། དེ་ ལ་ དགོངས་ དག་ ཞུས་ པ་ ཡིན། ཡིན་ ནའང་ ། ང་ ཚོར་ སོ་ སོའི་ ཡུལ་ དཔོན་ འོས་ འདེམས་ བྱེད་ པའི་ ཐོབ་ ཐང་ ཡོད་ སྟབས། ཁྱེད་ ཚོས་ གཏན་ འཁེལ་ བྱས་ པའི་ འོས་ མི་ དེར་ འོས་ གཏན་ ནས་ བླུགས་ རྒྱུ་ མིན། ཞེས་ ཉེན་ རྟོག་ པའི་ བཀའ་ རྒྱར་ གཏན་ ནས་ དང་ ལེན་ མ་ བྱས་ པར་ བརྟེན། ཡུལ་ དཔོན་ འོས་ མི་ བཀྲ་ ཤིས་ དང་ བློ་ སྐལ། གངས་ དགའ། གངས་ རྡོ་ ཕ་ བུ་ གསུམ་ སོགས་ བོད་ མི་ ༡༣ འཛིན་ བཟུང་ བྱས་ ཏེ་ རྫོང་ ཐོག་ ཏུ་ འདྲི་ གཅོད་ བྱེད་ བཞིན་ ཡོད་ པ་ མ་ ཟད། ཕྱི་ ཚེས་ ༡༠ ཉིན་ སྟག་ ཐོག་ ཡུལ་ ཚོའི་ སློབ་ མ་ ཀར་ མེ་ ཟེར་ བ་ ཞིག་ ལ་ ཉེན་ རྟོག་ པས་ གཅར་ རྡུང་ དྲག་ པོ་ བཏང་ སྟེ་ ཕྱི་ ཚེས་ ༡༡ ཉིན་ རྫོང་ སྨན་ ཁང་ ནས་ འདས་ གྲོངས་ སུ་ ཕྱིན་ ཡོད་ འདུག
ད་ ལྟའི་ ཆར་ སྟག་ ཐོག་ མང་ ཚོགས་ ཀྱིས་ རྫོང་ སྲིད་ གཞུང་ ལ་ སློབ་ མ་ ཀར་ མེ་ བསད་ པའི་ གྱོད་ དོན་ ཁྲིམས་ ཐོག་ ནས་ ཐག་ གཅོད་ ནན་ པོ་ བྱེད་ དགོས་ རྒྱུ་ དང་ ། མི་ མང་ གིས་ ཡུལ་ དཔོན་ འདེམས་ པའི་ དམངས་ གཙོའི་ ཐོབ་ ཐང་ མིང་ དོན་ དང་ མཚུངས་ བ་ སྤྲོད་ དགོས་ པའི་ འབོད་ སྐུལ་ གཏུག་ བཤེར་ བྱེད་ བཞིན་ ཡོད་ པ་ མ་ ཟད། རྫོང་ སྲིད་ གཞུང་ གིས་ གུ་ ཡངས་ དང་ བསམ་ ཤེས་ མ་ བྱས་ ཚེ་ མཇུག་ འབྲས་ ཅི་ བྱུང་ བཤད་ ཚོད་ མི་ ཐེབས་ པས། མ་ འོངས་ པར་ མཇུག་ འབྲས་ ཅི་ བྱུང་ ཚང་ མ་ སྲིད་ གཞུང་ གིས་ འགན་ འཁུར་ དགོས་ སྐོར་ བརྗོད་ ཀྱི་ ཡོད་ པ་ དང་ ། ཕྱོགས་ གཉིས་ ནས་ གྱོད་ དོན་ ཞི་ བའི་ སྒོ་ ནས་ ཐག་ གཅོད་ ཡོང་ སླད་ ཡུལ་ ཚོའི་ གནད་ ཡོད་ མི་ སྣ་ དང་ བསམ་ ཤེས་ འགའ་ རེ་ གཟུ་ དཔང་ དུ་ ཕྱིན་ ཡོད་ འདུག
རྒྱ་ གཞུང་ ཉེན་ རྟོག་ པས་ བསད་ པའི་ སློབ་ མ་ ཀར་ མེ་ ཟེར་ བ་ དེ་ ད་ ལྟ་ ལོ་ ན་ ༢༢ ཡིན་ པ་ དང་ ། ཁོང་ གི་ ཕ་ མིང་ ལ་ བློ་ ཉི་ ཟེར་ བ་ དང་ ། མགོ་ ལོག་ ཁུལ་ དར་ ལག་ རྫོང་ སྟག་ ཐོག་ ཡུལ་ ཚོའི་ རུ་ ཆེན་ གསུམ་ པ་ ནས་ ཡིན་ འདུག ཡུལ་ མི་ ཚོས་ བཤད་ པ་ ལྟར་ ན། ཉེན་ རྟོག་ པས་ ཁོང་ གི་ མཁལ་ མར་ རྡོག་ ཐོས་ ཤུགས་ ཆེན་ གཞུས་ རྐྱེན་ མཁལ་ མར་ གཏོར་ སྐྱོན་ ཐེབས་ ཏེ་ འདས་ གྲོངས་ སུ་ ཕྱིན་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།

