རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཀྲུའུ་ཝེན་ཆོན་གྱིས་༧གོང་ས་མཆོག་གི་གསུང་ལན་ལ་སྐྱོན་བརྗོད།

DALAIཉེ་ཆར་༧གོང་ས་མཆོག་གིས་bbc གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ཉིན་ཞིག་ལ་མཚམས་བཞག་སྲིད་སྐོར་གསུངས་པ་དེར། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེན་ཆོན་གྱིས། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་རྒྱུད་འཛིན་དང་མཚམས་འཇོག་དབང་ཆ་དབུས་གཞུང་གི་
ལག་ཏུ་ཡོད་པ་ལས། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པར་ཐོབ་ཐང་མེད་ཅེས་ལན་འདེབས་བྱས་འདུག
ཕྱི་ཟླ་༡༢ པའི་ཚེས་༡༧ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་BBC <<མཚན་མོའི་གསར་འགྱུར་>> ལེ་ཚན་གྱི་བཅར་འདྲི་དང་ལེན་གནང་སྐབས། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ཉིན་ཞིག་མཚམས་བཞག་སྲིད་པ་དང་། མིས་བཟོས་པའི་ལམ་ལུགས་འདི་མཚམས་འཇོག་སྲིད་པ་ཞིག་ཀྱང་རེད་ཅེས་གསུངས་པ་དུས་མཚུངས་༧གོང་ས་མཆོག་གིས། མ་འོངས་པར་གླེན་ཞིང་རྨོངས་པའི་ཏཱ་ལའི་བླ་མ་ཞིག་སླེབས་མི་སྲིད་པའི་ཁག་ཐེག་སུས་ཀྱང་བྱ་མི་ནུས་ལ། དེ་ལྟར་ཞིག་བྱུང་པ་ཡིན་ན་ཧ་ཅང་ཕམ་པོ་རེད། རྒྱུ་མཚན་དེའི་ཕྱིར་སྲོལ་རྒྱུན་གྱི་ལམ་ལུགས་དེ་ཀུན་གྱིས་དགའ་མོས་བྱེད་སའི་ཏཱ་ལའི་བླ་མའི་ལག་ཏུ་མཚམས་བཞག་ན་ཅིའི་ཕྱིར་མི་འོས་སམ་ཞེས་གསུངས།
༧གོང་ས་ཏཱ་བླ་མ་མཆོག་གི་གསུངས་ལན་དེའི་སྐོར་ལ་ཀྲུའུ་ཝེན་ཆོན་གྱིས་རྒྱ་ནག་<<མི་མང་ཉིན་རེའི་ཚགས་པར་>> གྱི་མིང་ཐོག་ཏུ་ཡོད་པའི་<<གོ་ལའི་དུས་བབ་>> ཀྱི་བཅར་འདྲི་དང་ལེན་སྐབས། ཀྲུའུ་ཝེན་ཆོན་གྱིས་“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་སྐད་ཆ་དེ་གསར་པ་ཞིག་གང་ཡང་མ་རེད། ཉེ་བའི་ལོ་ཤས་ནང་ཐེངས་མང་རིང་ཁོང་གིས་དེ་ལྟ་བུའི་སྐད་ཆ་བཤད་ཡོད”་ཅེས་དང་། ཁོང་གིས་“ཏཱ་ལའི་བླ་མའི་གཏམ་བརྗོད་དེ་ནི་མེས་རྒྱལ་ལ་ངོ་ལོག་དང་། བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་བླ་མ་ཡང་སྲིད་ལམ་ལུགས་ལ་རྒྱབ་གཏོད་པ་ཞིག་རེད”་ཅེས་སྐྱོན་བརྗོད་བྱས་འདུག
དེ་བཞིན་ཀྲུའུ་ཝེན་ཆོན་གྱིས་ལན་འདེབས་སྐབས། “ཏཱ་ལའི་བླ་མ་སྐུ་ཕྲེང་རེ་རེའི་བྱུང་སྟངས་ནི་ལོ་རྒྱུས་ཀྱི་གཏན་འབེབས་དང་ཆོས་ལུགས་ཀྱི་ལམ་སྲོལ་ལ་བསྟུན་ཏེ། ཡང་སྲིད་བཙལ་འཚོལ་དང་གསེར་ཁྲིར་མངའ་སོགས་ལས་རིམ་ཆ་ཚང་ངེས་པར་བརྒྱུད་དགོས་པ་མ་ཟད། རྒྱུད་རིམ་ཆ་ཚང་ལ་དབུས་གཞུང་གི་ཆོག་མཆན་ཐོབ་པ་ཡིན་ན། ད་གཟོད་ཁྲིམས་མཐུན་གྱི་གོ་གནས་ཡོད་པའི་ཏཱ་ལའི་བླ་མ་ཞིག་ཆགས་པ་ཡིན། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་མཚམས་འཇོག་པ་དང་རྒྱུན་སྐྱོང་བའི་དབང་ཆ་དབུས་གཞུང་གི་ལག་ཏུ་ཡོད་པ་ལས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཐོབ་ཐང་མེད་ཅེས་བརྗོད།
ཀྲུའུ་ཝེན་ཆོན་གྱིས་ངོས་འཛིན་བྱས་དོན། ནུབ་ཕྱོགས་སུ་ཏཱ་ལའི་བླ་མའི་སྐོར་ལ་དོ་སྣང་ཆུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ལ་བརྟེན་ནས། ཏཱ་ལ་ཡིས་ཐབས་ཤེས་བཟང་པོ་གཞན་གང་ཡང་མ་རྙེད་པའི་སྐབས། རང་ཉིད་ཀྱི་ཆོས་ལུགས་མིང་ཐོབ་དང་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་རྒྱུན་སྐྱོང་དང་མཚམས་འཇོག་གི་གླེང་གཞི་བཟོས་ཏེ། མི་རྣམས་ཀྱི་མིག་དབང་འདྲེན་བཞིན་པ་རེད་ཟེར།
༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་BBC བཅར་འདྲི་དང་ལེན་གནང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་མང་གཙོའི་ལམ་དུ་བསྐྱོད་པར་ཕན་ནུས་ལྡན་པའི་འབད་བརྩོན་གནང་དགོས་པ་དང་། རྒྱ་ནག་ལ་འཛམ་གླིང་གཙོ་རྒྱུགས་ཀྱི་དཔལ་འབྱོར་ནང་དུ་འཛུལ་བའི་འདོད་པ་ཆེན་པོ་ཡོད་ལ། ཁོང་ཚོར་ངེས་པར་དུ་དགའ་བསུ་ཞུ་དགོས་པ་ཞིག་ཀྱང་ཡིན། ཡིན་ནའང་དེ་དང་དུས་མཚུངས། རང་དབང་ཅན་གྱི་རྒྱལ་ཁབ་རྣམས་ལ་རྒྱ་ནག་མང་གཙོའི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་འགན་ཁུར་ཡོད་ཅིང་། འགན་ཁུར་དེ་ནི་རྒྱ་ནག་གི་ཁེ་ཕན་དང་ཡང་འཚམས་པ་ཞིག་རེད་ཅེས་གསུངས།
དེ་དང་མཉམ་དུ་༧གོང་ས་མཆོག་གིས། དཔལ་འབྱོར་དང་ཚོང་འབྲེལ་གྱི་རྒྱུ་རྐྱེན་ལ་བརྟེན་ནས། ཉེ་ཆར་ཧོང་ཀོང་དུ་བྱུང་སློབ་མའི་ངོ་རྒོལ་གྱི་ལས་འགུལ་ལ། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་ཀྱི་ཐོག་ཏུ་ཞི་འཇམ་གྱི་ལངས་ཕྱོགས་བཟུང་ཡོད་ལ། གལ་སྲིད་དབྱིན་ཡུལ་དེ་དཔལ་འབྱོར་གྱི་གནས་སྟངས་ཉག་ཕྲ་བའི་གནས་སྟངས་འོག་ཡོད་པ་ཡིན་ན། རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བཟང་པོ་ཉར་བ་ནི་ཧ་ཅང་དགོས་ངེས་ཞིག་རེད་ཅེས་སོགས་གསུངས་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།