དེ་ རིང་ ལྷོ་ ཀོ་ རི་ ཡའི་ ཆེས་ མཐོའི་ ཁྲིམས་ ཁང་ གིས་ བྱང་ ཀོ་ རི་ ཡར་ རྒྱབ་ སྐྱོར་ བྱེད་ མཁན་ ལྷོ་ ཀོ་ རི་ ཡའི་ ཆབ་ སྲིད་ ཚོགས་ པ་ ཞིག་ མེད་ པ་ བཟོ་ རྒྱུ་ ཐག་ གཅོད་ བྱས་ ཡོད་ འདུག
དེ་ རིང་ ལྷོ་ ཀོ་ རི་ ཡའི་ ཆེས་ མཐོའི་ ཁྲིམས་ ཁང་ གིས། ལྷོ་ ཀོ་ རི་ ཡའི་ རྒྱལ་ ཡོངས་ གཅིག་
དེ་ རིང་ ཉིན་ རྒྱབ་ ལྷོ་ ཀོ་ རི་ ཡའི་ རྒྱལ་ ཡོངས་ གཅིག་ སྒྲིལ་ ཚོགས་ པར་ རྒྱབ་ སྐྱོར་ བྱེད་ མཁན་ གྱི་ མང་ ཚོགས་ ༢༠༠༠ ལྷག་ གིས་ ལག་ ཏུ་ བརྗོད་ ཚིག་ འདྲ་ མིན་ བཟུང་ སྟེ། ཁྲིམས་ ཁང་ མདུན་ དུ་ གཞུང་ གི་ ཐག་ གཅོད་ ལ་ ངོ་ རྒོལ་ རྔམ་ སྟོན་ བྱས་ ཡོད་ འདུག
འདིའི་ ཐད་ ལྷོ་ ཀོ་ རི་ ཡའི་ ཆེས་ མཐོའི་ ཁྲིམས་ ཁང་ གི་ ཁྲིམས་ ཞིབ་ པ་ ཆེན་ མོས། “འདས་ པའི་ ལོ་ ཤས་ ནས་ བཟུང་ ཆབ་ སྲིད་ ཚོགས་ པ་ འདིས་ དམངས་ གཙོའི་ ཁེ་ དབང་ ལོངས་ སུ་ སྤྱོད་ ཕྱོགས་ ལ་ ཉེན་ ཁ་ བཟོ་ བཞིན་ ཡོད་ སྟབས། ད་ རེབ་ ཛ་ དྲག་ ཁྲིམས་ རྭ་ ཚོགས་ ནས་ ཆབ་ སྲིད་ ཚོགས་ པ་ དེ་ བཀག་ སྡོམ་ བྱེད་ དགོས་ བྱུང་ བ་ རེད”ཅེས་ བརྗོད་ འདུག རྒྱལ་ ཡོངས་ གཅིག་ སྒྲིལ་ ཡར་ རྒྱས་ ཚོགས་ པའི་ མགོ་ ཁྲིད་ ལི་ ཇུང་ ཧེ་ (Lee Jung-hee) ཡིས་ རོའུ་ ཌར་ གསར་ ལམ་ ཐོག “ཁྲིམས་ ཁང་ གི་ ཐག་ གཅོད་ དེ་ ནི་ གཞི་ མེད་ རྫུན་ བཟོ་ དང་ ཚོད་ དཔག་ གི་ སྐད་ ཆ་ ཞིག་ ཡིན་ སྟབས། དེས་ ལྷོ་ ཀོ་ རི་ ཡར་ གཅིག་ སྡུད་ རིང་ ལུགས་ ཀྱི་ སྒོ་ མོ་ ཕྱེ་ བ་ ལྟ་ བུ་ ཞིག་ ཆགས་ ཡོད་ སྟབས། མ་ འོངས་ པར་ ལྷོ་ ཀོ་ རི་ ཡ་ འདི་ མི་ གཅིག་ དབང་ སྒྱུར་ རིང་ ལུགས་ པའི་ རྒྱལ་ ཁབ་ ཅིག་ ཏུ་ འགྱུར་ སྲིད་ པ་ ཞིག་ རེད”ཅེས་ བརྗོད་ འདུག
གཅིག་ སྒྲིལ་ ཡར་ རྒྱས་ ཚོགས་ པ་ དེ་ ༢༠༡༡ ལོའི་ ཟླ་ ༡༢ ཚེས་ ༥ ཉིན་ ལས་ བཟོ་ བ་ དང་ ཉམ་ ཐག་ ཚོའི་ བདེ་ སྡུག་ ཆེད་ བཙུགས་ ཡོད་ ཅིང་ ། ཚོགས་ པ་ འདི་ དང་ མཉམ་ དུ་ ལྷོ་ ཀོ་ རི་ ཡའི་ ངལ་ རྩོལ་ དམངས་ གཙོ་ ཚོགས་ པ་ དང་ ། མང་ ཚོགས་ མངོན་ འདོད་ ཚོགས་ པ་ ཟླ་ སྒྲིལ་ བཏང་ སྟེ། ༢༠༡༢ ལོའི་ ཟླ་ ༥ ཚེས་ ༡༢ བར་ རེ་ ཡུ་ སི་ མིན་ དང་ ལི་ ཇུང་ ཧེ། སེམ་ སང་ ཇུན་ བཅས་ མགོ་ ཁྲིད་ གསུམ་ གྱིས་ ཐུན་ མོང་ ཐོག་ བསྐྱངས་ ཡོད་ སྟབས། ༢༠༡༣ ལོའི་ རྒྱལ་ ཡོངས་ འོས་ བསྡུ་ ཆེན་ མོའི་ སྐབས་ གྲོས་ ཚོགས་ འཐུས་ མི་ ༨ ཀྱི་ རྐུབ་ སྟེགས་ ཐོབ་ ཡོད་ ཀྱང་ ། གྲོས་ ཚོགས་ འཐུས་ མི་ ཞིག་ གིས་ དངུལ་ གྱི་ འགྲོ་ གྲོན་ བཏང་ ནས་ འོས་ ཤོག་ ཉོས་ ཡོད་ པ་ ལྷོ་ ཀོ་ རི་ ཡའི་ འོས་ བསྡུ་ ལྷན་ ཁང་ གིས་ ར་ སྤྲོད་ བྱུང་ ཡོད་ སྟབས། ༢༠༡༢ ལོའི་ ཟླ་ ༥ ཚེས་ ༡༢ ཉིན་ ཚོགས་ པའི་ མགོ་ ཁྲིད་ ཚོས་ དགོངས་ ཞུ་ བྱེད་ བཅུག་ ཡོད་ འདུག
༢༠༡༣ ལོའི་
ལྷོ་ ཀོ་ རི་ ཡའི་ ཁྲིམས་ འཛིན་ བློན་ ཆེན་ ཝང་ ཀེ་ ཡུ་ ཨང་ གིས་ སིང་ གྷ་ པུར་ གྱི་ དེ་ རིང་ ཞེས་ པའི་ བརྒྱུད་ ལམ་ ཐོག་ བརྗོད་ དོན། “རྒྱལ་ ཡོངས་ གཅིག་ སྒྲིལ་ ཡར་ རྒྱས་ ཚོགས་ པ་ ཞེས་ པ་ འདིས་ ལྷོ་ ཀོ་ རི་ ཡར་ དམར་ པོའི་ གཞུང་ འཛུགས་ རྒྱུར་ རྩོད་ ལེན་ བྱེད་ ཀྱིན་ ཡོད་ པ་ མ་ ཟད། རྒྱལ་ ཁབ་ ནང་ བྱང་ ཀོ་ རི་ ཡའི་ ཁྱད་ ཆོས་ ལྡན་ པའི་ སྤྱི་ ཚོགས་ རིང་ ལུགས་ ཤིག་ དར་ སྤེལ་ གཏོང་ གི་ ཡོད་ སྟབས། ང་ ཚོས་ ལྷོ་ ཀོ་ རི་ ཡའི་ མང་ ཚོགས་ དང་ ཁེ་ ཕན་ ཆེད་ ཚོགས་ པ་ དེ་ མེད་ པ་ བཟོས་ པ་ ཡིན”ཞེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

